༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩༌༣༠ ཐོག་སྤུར་ཝ་ལ་ས་གནས་འོས་བསྡུ་འགན་འཛིན་དང་ས་འགོ་གཅིག་ལྕོགས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་འགན་འཁུར་འོག་ས་འཐུས་ཚོགས་མི་རྣམས་དང་། ས་གནས་འོས་བསྡུ་ཚོགས་མི་ ༥། ས་འགོ་ལས་ཁུངས་ཀྱི་རྩིས་དྲུང་དང་ལས་བྱེད་གཞན་བཅས་ཁྱོན་མི་གྲངས་ ༡༦ ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ཚང་འཛོམས་ཀྱིས། ས་གནས་འཐུས་ཚོགས་སྐབས་ ༡༡ པའི་ཚོགས་མི་གསར་འདེམས་གྲངས་ ༩ ཆ་ཚང་ནས་རིམ་པའི་བཞིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་ཚེ་རིང་འཕྲིན་ལས་ལགས་དང་ཚོགས་གཞོན་དུ་སྤེན་པ་སྒྲོལ་མ་ལགས་རྣམ་གཉིས་བདམས་ཐོན་གྱིས་ཚོགས་གཙོ་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
གོང་གསལ་དམ་འབུལ་གྱི་མཛད་སྒོ་འགོ་མ་འཛུགས་གོང་། ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ནས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཞུས་རྗེས། ཚོགས་བཅར་བ་རྣམས་ལ་ས་འཐུས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ཅིག་གི་ངོ་སྤྲོད་གནང་འདུག་པའི་གནས་ཚུལ་དུ།།