༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་དང་བལ་ཡུལ་ཁུལ་གྱི་སྒེར་གྱི་སློབ་གྲྭ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་རྩ་ཆེའི་རིག་གཞུང་གཙོ་བོར་གྱུར་པའི་བོད་མིའི་གོམས་གཤིས་བཟང་པོ་དང་། ནང་པའི་ལྟ་གྲུབ་ངོ་སྤྲོད། སཱི་ཤེས་ཡོན་སློབ་གསོ། དེ་བཞིན་བོད་མིའི་རྩ་དོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ལ་གོ་རྟོགས་གོང་འཕེལ་ཆེད་༼དབྱར་དུས་བོད་ཀྱི་རིག་གཞུང་གོ་རྟོགས་ལས་གཞི།༽ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། ལས་གཞིའི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་མིའི་ངོ་བོ་དང་། རྩ་དོན། སྤྱི་ཚོགས་སོགས་ཀྱི་སྐོར་ཤེས་རྟོགས་ཡོང་ཐབས་དང། དེ་བརྒྱུད་ནས་བོད་མིའི་སྤྱི་ཚོགས་སྤྱི་ལ་འབྲེལ་ཐག་ཉེ་པོ་ཡོང་ཐབས་ཆེད་ཡིན། དེར་བརྟེན་རྒྱ་བལ་གཉིས་ཀྱི་སྒེར་སློབ་འགྲིམ་མཁན་སློབ་ཕྲུག་རྣམས་ཀྱིས་གོ་སྐབས་དམ་འཛིན་གནང་བའི་རེ་བ་དང་བཅས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣༠ ལ།།
ལས་གཞིའི་དུས་ཡུན། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡ ནས་ ༡༤ བར།
ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༧ བར། རེས་གཟའ་སྤེན་པ།
སློབ་ཕྲུག་གྲངས་ཚད། སློབ་ཕྲུག་ ༢༥། འདེམས་སྒྲུག་དེ་ཡང་ཐོ་འགོད་འགེངས་ཤོག་འབྱོར་རིམ་བཞིན་བྱ་རྒྱུ།
མཐུན་འགྱུར། འགྲིམ་འགྲུལ། སྡོད་གནས། སློབ་ཡོན། ཞལ་ལག
ཆ་རྐྱེན།
- རྒྱ་བལ་ཁུལ་གྱི་སྒེར་སློབ་འགྲིམ་བཞིན་པའི་འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག
- དོ་བདག་གི་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
སློབ་ཚན།
· སྐད་ཡིག་དང་འབྲེལ་ལམ། | · ནང་པའི་ལྟ་གྲུབ་ངོ་སྤྲོད། |
· སྔོན་འགྲོའི་སྒོམ་ཉམས་ལེན། | · བོད་ཀྱི་ལོ་རྒྱུས། |
· བོད་ཀྱི་ཟློས་གར། | · སཱི་ཤེས་ཡོན་སློབ་གསོ། |
གཟའ་མཇུག་ལས་རིམ།
- བོད་ཀྱི་རིག་གཞུང་བསྟི་གནས་ཁག་ཏུ་སྐོར་སྐྱོད།
- དྷ་ས་ཉེ་འཁོར་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ཏུ་སྐོར་སྐྱོད།
འབྲེལ་བ་བྱེད་ཡུལ།
Department of Religion & Culture
Central Tibetan Administration
Dharamshala-176215 (H.P) INDIA
☎+91- 9816743672 / 9129110984
[email protected] / [email protected]