༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཐུབ་བསྟན་ཀུན་འཕེལ་ལགས་བཅས་ནས་རྒྱ་གར་དབུས་གཞུང་ཨ་ཡུཤ་ (AYUSH) ལྷན་ཁང་གི་བློན་ཆེན་སྐུ་ཞབས་པྲ་ཏབ་རའོ་གཎ་པཏ་རའོ་ཇཱ་དྷཱཝ་ (Prataprao Ganpatrao Jadhav) མཆོག་དང་མཇལ་འཕྲད་ཞུས་ཏེ་རྒྱ་གར་དབུས་གཞུང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་འོག་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་ཐོག་ནས་མཐུན་འགྱུར་རམ་འདེགས་ཡོང་བའི་འབོད་སྐུལ་ཞུས་ཐུབ་པ་བྱུང་ཡོད། །