༄༅། །ཉེ་ལམ་ཇམྨུ་དང་ཀཤ་མཱིར་མངའ་སྡེའི་ནང་བྱུང་བའི་འཇིགས་སྐུལ་གྱི་དོན་རྐྱེན་འོག་མིའི་ཚེ་སྲོག་ཤོར་བ་དང་། མང་པོ་ཞིག་རྨས་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བློ་ཕམ་དང་སྦྲགས་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུས་འདུག
དེ་ཡང་སྤྱི་ཚོགས་དྲ་ལམ་ (X) བརྒྱུད་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཉེ་ལམ་ཀཤ་མཱིར་དུ་བྱུང་བའི་འཇིགས་སྐུལ་གྱི་དོན་རྐྱེན་ལ་བློ་ཕམ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་འདུག་ལ་རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་རྒྱ་གར་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་གསུང་འདུག