༄༅། །འདི་གར་ཨིན་ལེན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༩ ཉིན་ཨིན་ཇིའི་སྲིད་གཞུང་དང་། རྒྱ་ནག་གཉིས་དབར་ཆིངས་ཡིག་བཞག་སྟེ་ལོ་ངོ་ ༤༠ འཁོར་བ་དང་སྟབས་བསྟུན། ཨིན་ཇིའི་གྲོས་ཚོགས་གོང་མའི་འཐུས་མི་ལོརཌ་ཨལ་ཌོན (Lord Alton) ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་གོང་མའི་འཐུས་མི་ལོརཌ་མཱར་ཏིན་ (Lord Martin Callanan) ལགས་དང་། བཱརོ་ནེས་སམིཐ་ (Baroness Smith) ལགས། ལོརཌ་བི་ཤོབ་ (Lord Bishop) ལགས། བཱརོ་ནེས་ (Baroness Bannett) ལགས་རྣམ་པ་སོ་སོ་ནས་རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་དང་། ལྷག་པར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་། དེ་བཞིན་སོ་མྱུལ་གྱི་ལས་དོན་སྤེལ་བ་བཅས་ལ་ངོ་རྒོལ་གནང་བ་དང་སྦྲགས། ཨིན་ཇིའི་སྲིད་གཞུང་ནས་རྒྱ་ནག་གཞུང་དང་འབྲེལ་ལམ་གནང་ཕྱོགས་ཐད་འདྲི་རྩད་དང་སྐྱོན་བརྗོད་གནང་ཡོད། ལྷག་པར་གྲོས་ཚོགས་འཐུས་མི་ལོརཌ་མཱར་ཏིན་ (Lord Martin Callanan) ལགས་ནས་གྲོས་ཚོགས་གོང་མའི་ནང་བོད་དེ་བཞིན་དེ་སྔ་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་རེད་ཅེས་གསུངས་ཡོད། །
གསར་གནས།
འབྲེལ་གནས།