![](https://bod.jalus.net/wp-content/uploads/2024/10/1-13.jpg)
ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་མཁན་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཤིང་། དེའི་སྐབས་སྤྱི་འཐུས་རྣམ་པས། ཚོགས་འདུར་ཕེབས་པའི་སྐུ་ཚབ་རྣམ་པ་སོ་སོའི་ལས་འགན་དང་འབྲེལ། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་སོ་སོར་གསལ་བཤད་དང་། དེ་བཞིན་བོད་ནང་གི་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་གསུངས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས། དེ་གའི་ཚོགས་བཞུགས་ལས་བྱེད་རྣམ་པས་བོད་ནང་དངོས་ཡོད་གནས་ཚུལ་གྱི་སྙན་ཐོ་རིམ་པར་འདོན་སྤེལ་གྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐེར་འདོན་དང་། བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་ཡོངས་ལ་གསལ་སྟོན་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག
![](https://bod.jalus.net/wp-content/uploads/2024/10/4-12-768x1024-1.jpg)
ཕྱི་ཚེས་ ༢༢ ཉིན་སྔ་དྲོར་བོད་མི་མང་སྤྱི་འཐུས་སྐུ་ ཚབ་ཚོགས་ཆུང་ནས་སུད་སིར་རྟེན་ གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེ ན་མོ་ལྕམ་སྐུ་མི་ཤལ་ ཀྲེ་ལར་ (Ambassador Michèle Taylor) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་ མར་ལྕམ་སྐུ་མཆོག་གིས་མཉམ་འབྲེལ་ རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་ བཀག་བསྐྱར་ཞིབ་སྐབས་སྐར་ཆ་ ༤༥ རིང་བོད་ནང་གི་ཛ་དྲག་གནས་སྟངས་ སྐོར་དྲིལ་བསྒྲགས་ཤུགས་ཆེར་གནང་ སྟེ་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་ གནང་བ་དང་། ཨ་རིའི་གཞུང་ནས་བོད་དོན་ཁྲིམས་ འཆར་གཏན་འབེབས་གནང་བ་བཅས་ལ་དགའ་ བསུའི་ཐུགས་རྗེ་ཆེ་ཞུས་པ་དང་སྦྲ གས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས་སྐོར་ངོ་སྤྲོད་ཀྱིས་ལྕམ་སྐུ་ མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ ནང་བོད་དོན་བསྒྲགས་གཏམ་དང་། ཟུར་ཚོགས་གང་མང་གོ་སྒྲིག་གནང་ ཐབས་ཡོང་བའི་འབོད་སྐུལ། དེ་བཞིན་བོད་མིའི་བླ་ན་མེད་པའི་ དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོ་མཆོག་གི་༧སྐུའི་ ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ ཨ་རིའི་གཞུང་ནས་ལངས་ཕྱོགས་མངོན་ གསལ་བསྟན་གནང་བར་བསྔགས་བརྗོད་ཞུ ས་གནང་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ གྲོས་ཚོགས་འཐུས་མི་ཁོང་ལ་དཔལ་ལྡ ན་ཚོགས་གཙོ་མཆོག་གིའ་མཚན་རྟགས་ འཁོད་པའི་བོད་དོན་ཞུ་སྐུལ་གྱི་ སྙན་ཞུ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟ གས་བཅས་ཕུལ་གནང་ཡོད། མཇལ་འཕྲད་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ ལས་ཆོས་སྐྱིད་ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོ ན་ཞུ་གཏུགས་ལས་བྱེད་ཕུན་ཚོགས་སྟོ བས་རྒྱས་ལགས་རྣམ་གཉིས་མཉམ་བཅར་ ཞུས་འདུག་པ་བཅས།
མཇལ་འཕྲད་སྐབས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་མཉམ་བཅར་ཞུས་འདུག་པ་བཅས། །