༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༠༥ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༨ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོདེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་དེབ་འདོན་ཐེངས་གསུམ་པ་དབུ་འབྱེད་དང་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་ཕར་འགྱངས་ལག་འཁྱེར་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཏོག་དབྱིབས་གཉན་རིམས་ ༡༩ ལ་ཉམས་ཞིབ་ཡིག་ཆ་ཕྱོགས་སྒྲིག་གནང་བའི་དཔེ་དེབ་དབུ་འབྱེད་དང་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཞབས་ཞུ་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ
ཕྱི་ལོ་ ༢༠༠༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོ
དེ་བཞིན་ལ་དྭགས་བོད་ཀྱི་གསོ་རི
འདི་ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གཙོ་སྐྱོང་འོག་ (General Public Meeting) ཡག་པོ་ཞིག་ཚོགས་ཏེ་ལ་དྭགས་ལྟ་བུ་ཕྱིར་འཐེན་གནང་བ་དེ་དག་གདན་འདྲེན་ཞུས་དགོས། དཔེར་ན། ལ་དྭགས་ལྟ་བུ་ཡིན་ནའང་བསམ་བློ་གཏོང་དགོས་པ་ལྟ་བུ་རེད། གང་ཡིན་ཟེར་ན་སྨན་པ་སྨན་རྩིས་ཁང་ནས་ཐོན་པ་རེད། དགེ་རྒན་ཡིན་ནའང་སྨན་རྩིས་ཁང་ནས་བཏང་ཡོད། དེར་བརྟེན་གནས་སྟངས་ཆ་ཚང་རྒྱུས་མངའ་མེད་མཁན་ཞིག་ཡིན་ན་ལ་དྭགས་ (Ayush) ནང་དེབ་སྐྱེལ་དང་མི་སེར་ཡོད་པ། དབུས་གཞུང་ནས་མཐུན་རྐྱེན་ཐོབ་ཀྱི་ཡོད་པ། རང་རྒྱ་འཕེར་བ་འགྲོ་ཡི་ཡོད་སྟབས། སྨན་པའི་ལྷན་ཚོགས་དགོས་ཀྱི་མེད་པ་ལྟ་བུ་མཐོང་ངེས་རེད། ལ་དྭགས་པ་དང་བོད་མི་དབར་ད་ལྟ་ཡིན་ནའང་འཆམ་མཐུན་ངང་གནས་ཡོད། མ་འོངས་པར་བཟང་དུ་དགོས་ཀྱི་ཡོད་པ་རེད་མ་གཏོགས་གསོ་བ་རིག་པ་རྒྱུ་མཚན་ལ་བརྟེན་ནས་སྨན་རྩིས་ཁང་གིས་བྱེད་སྟངས་ཡིན་ནའང་རེད། བོད་ཀྱི་རིག་པའི་ལྷན་ཚོགས་ཀྱིས་བྱེད་སྟངས་ཡིན་ནའང་རེད། ལ་དྭགས་གསོ་བ་རིག་པའི་སྡེ་ཚན་བཅས་ཀྱིས་བྱེད་སྟངས་ལ་བརྟེན་ནས་གསོ་བ་རིག་པའི་གཞུང་ལུགས་རྒྱུན་འཛིན་པ་དེ་དག་ནང་ཁུལ་དུམ་བུ་འགྲོ་རྒྱུ་བཟོ་འདྲ་བོ་དང་། དེ་མིན་བོད་རིགས་དང་ལ་དྭགས་པའི་དབར་དམ་ཚིག་མི་གཙང་བ་བཟོ་རྒྱུ་དེ་འདྲ་ཆགས་པ་ཡིན་ན་ང་ཚོ་ཚང་མར་གནོད་སྐྱོན་ཡོང་གི་རེད་མ་གཏོགས་སུ་གང་ལའང་ཕན་ཐོགས་མེད། དེ་དག་མ་འོང་སྔོན་ནས་ལ་དྭགས་ཀྱིས་གང་བསམ་གྱི་འདུག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་འབྲེལ་བ་གཞག་རྒྱུ་ཡིན་དང་མིན། དཔེར་ན། དེབ་སྐྱེལ་དང་ལག་འཁྱེར་གྱི་ངོ་བོའི་ཐོག་ནས་འབྲེལ་བ་མ་བཞག་པ་ཡིན་ནའང་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་འབྲེལ་བ་ཇི་ལྟར་འཇོག་རྒྱུ་ཡིན་པ་དེ་དག་ཚང་མར་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག ཉིན་ཞིག་གནས་སྟངས་འབ་སུ་མ་འདུས་པའི་དབང་གིས་ཕན་ཚུན་གང་སྡུག་བཤད་རྒྱུའི་དུས་ཚོད་ཅིག་སླེབ་པ་ཡིན་ན་འབ་སུ་འདུས་རྒྱུ་ཧ་ཅང་ཁག་པོ་རེད། ད་ལྟ་དཀྱོགས་མཚམས་ཤིག་ལ་སླེབ་ཡོད། དེར་བརྟེན་འདི་ལོར་ལས་གཞི་ཧ་ཅང་བྱེད་མི་དགོས་པར་འདི་རང་ལ་བསམ་བློ་བཏང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
མཐར་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པབཅས། །