༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
ཀའོ་ཤོང་གྲོང་སྡེའི་སྤྱི་ཚོགས་སྡེ་ཚན་གྱི་འགན་འཛིན་མཆོག་གིས་འབྱུང་བའི་རྐྱེན་ངན་བར་ཆད་ཟློག་ཐབས་དང་། ལྷག་པར་རྩ་ཆེན་མི་ལུས་གློ་བུར་དུ་ཤོར་མཁན་འདས་པོ་རྣམས་དང་། དེ་བཞིན་གནོད་སྐྱོན་ཕོག་མཁན་ཡོངས་རྫོགས་ཀྱི་ཆེད་བསྔོ་བ་དང་མཆོད་འབུལ་སྨོན་ལམ་གསོག་སྒྲུབ་ཡོང་བའི་འབོད་སྐུལ་གནང་བ་ལྟར། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་ད་རིང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་ཀའོ་ཤོང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་རིས་སུ་མ་མཆིས་པའི་ཆོས་ཚོགས་ཁག་ནས་ཁྱོན་དགེ་འདུན་པ་གྲངས་ ༦༠ ཙམ་ཆེད་བཅར་གྱིས་སྨོན་ལམ་གསུང་འདོན་གནང་ཐུབ་པ་བྱུང་ཡོད།
ད་ལན་རྐྱེན་ངན་ཙམ་མིན་པར་དེ་སྔོན་ཧྭོ་ཝ་ལེན་ས་གནས་སུ་མེ་འཁོར་བརྡབ་སྐྱོན་བྱུང་སྐབས་ཀྱང་དགེ་འདུན་པ་རྣམས་ཆེད་བཅར་གྱི་སྨོན་ལམ་གསུང་འདོན་གནང་བ་སོགས་ལ་བརྟེན་ནས་ཐའེ་ཝན་མང་ཚོགས་ཁྲོད་བོད་མི་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་ལ་མཐོང་ཚུལ་གང་ལེགས་ཡོང་གི་ཡོད་པ་མ་ཟད། ཐའེ་ཝན་དུ་གནོད་སྐྱོན་ནམ་བྱུང་སྐབས་བོད་མི་ངོས་ནས་གདུང་སེམས་མཉམ་སྐྱེ་གནང་གི་ཡོད་པ་བཅས་མི་མང་སྤྱིའི་བསམ་ཚུལ་རེད་འདུག །
ཐའེ་ཝན་དུ་མེ་སྐྱོན་ཚབས་ཆེན་འོག་རྐྱེན་འདས་ཕྱིན་པ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་བསྔོ་བ་དང་སྨོན་ལམ་གནང་བ།
གསར་གནས།

འབྲེལ་གནས།
