༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ་ཉིན་བཞུགས་སྒར་རྡ་ས་ལྷ་རྒྱལ་རིའི་སྐོར་ལམ་དུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༠ ཉིན་འཕགས་བོ
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔའ་བོ་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་འདྲ་སྐུ་དབུ་འབྱེད་གནང་བ་དང་འབྲེལ་མར་མེ་ཞལ་ཕྱེ་གནང་སྟེ་གསར་འགོད་པར་གསུང་དོན། ཚེ་འདས་དམ་པ་ཉི་མ་བསྟན་འཛིན་ལགས་དེ་རིང་ནས་བརྩིས་པའི་ལོ་གཅིག་གི་གོང་ལ་ང་ཚོའི་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ས་སྐོར་རྒྱག་པའི་སྐབས་ས་འོག་གི་འབར་རྫས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད། ངས་ཤེས་པར་སྐབས་དེར་དམ་པ་ཁོང་ས་འོག་གི་འབར་རྫས་སྟེང་གོམ་པ་བརྒྱབ་པ་དང་རོགས་པ་གཉིས་ཕར་འབུད་རྒྱག་བརྒྱབ་སྟེ་དམ་པ་ཁོང་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བ་རེད།
ཕྲན་རང་ཉིད་ཁ་སང་ལ་དྭགས་ནས་ཡོང་བ་ཡིན། དམ་པ་ཁོང་གི་བཟའ་ཟླ་དང་ནང་མི་བཅས་ཐུག་འཕྲད་བྱས་པ་ཡིན། ལ་དྭགས་ས་གནས་འཐུས་ཚོགས་ཀྱི་སྣེ་ཁྲིད་པའི་འོག་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་ལ་དྭགས་སླེ་རུ་དཔའ་བོ་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་འདྲ་སྐུ་དབུ་འབྱེད་བྱས་པ་རེད། ཉི་མ་བསྟན་འཛིན་ལགས་གཅིག་པུ་ཙམ་མིན་པར་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ཕྱི་ལོ་ ༡༩༧༡ ལོར་བཱངྒ་ལ་དེཤ་བཅིངས་གྲོལ་གཏོང་སྐབས་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། དེ་བཞིན་ཀར་གྷིལ་དམག་སྐབས་བོད་པའི་དམག་མི་རྣམས་ཀྱིས་རྒྱ་གར་གྱི་ཡུལ་དང་ཡུལ་མི་སྲུང་སྐྱོབ་སླད་སོ་སོའི་ཚེ་སྲོག་བློས་བཏང་བྱས་ཡོད། ཁོང་རྣམ་པར་དྲན་རྟེན་སླད་ད་བར་རྡོ་རིང་སོགས་བཞེངས་ཐུབ་མེད་ནའང་ཁོང་རྣམ་པ་ཚང་མའི་མཚོན་དོན་དུ་ཉི་མ་བསྟན་འཛིན་ལགས་ཀྱི་འདྲ་སྐུ་བཞེངས་པ་དེ་ཉིད་དབུ་འབྱེད་བྱས་པ་རེད། ཁོང་དང་ཁོང་གི་ནང་མི་ཚང་མར་ཐུགས་གསོ་ཞུ་རྒྱུ་ཡིན།
དེ་སྔ་ང་ཚོས་དང་སློབ་སྐོར་བཤད་ཀྱི་མེད། ད་ཆ་ཡོངས་གྲགས་ལྟ་བུ་ཆགས་ཡོད། བོད་མིའི་ཚོས་རྒྱ་གར་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ཇི་ལྟར་བློས་གཏོང་གནང་བཞིན་ཡོད་སྐོར་ཡོངས་གྲགས་ཡིན། དེ་དང་མཉམ་དུ་རྒྱ་གར་དང་རྒྱ་གར་གྱི་ཡུལ་མི་རྣམས་ཇི་ལྟར་བཀའ་དྲིན་ཆེན་པོ་ཡིན་པ་མཚོན་གྱི་ཡོད། རྒྱ་གར་གྱི་བདེ་སྡུག་སླད་ང་ཚོའི་སྲོག་ཀྱང་བློས་གཏོང་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད། ཅེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྡ་ས་ལྷ་རྒྱལ་རིའི་སྐོར་ལམ་དུ་དཔའ་བོ་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་འདྲ་སྐུ་དབུ་འབྱེད་གནང་བ།
གསར་གནས།

འབྲེལ་གནས།
