༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཞྭ་སེར་བསྟན་པའི་གསལ་བྱེད་༧སྐྱ
ཆེད་དོན། ཉེ་སྔོན་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ མཚན་མོར་བོད་ཀྱི་བསྟན་འགྲོའི་གོ ད་ཆགས་ལྟ་བུར་འཇམ་མགོན་རྒྱལ་བའི ་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག ༡༠༣ པ་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུ ན་བློ་བཟང་བསྟན་འཛིན་དཔལ་བཟང་པོ ་མཆོག་ལྡི་ལིར་གདུལ་བྱ་རྟག་འཛི ན་པ་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ ཚུལ་བསྟན་ཡོད་པ་ནི་བོད་ཀྱི་ནང་ བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ ལྡན་པའི་བསྟན་པར་གོད་ཆགས་ཆེན་པོ ་བྱུང་བར། འདི་ཟླའི་ཚེས་་༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་ བྱེད་ཡོངས་རྫོགས་ཚང་འཛོམས་ཀྱིས་ ཁྲི་ཆེན་རྡོ་རྗེ་འཆང་དམ་པ་མཆོག་ གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་ དག་ཡོངས་སུ་རྫོགས་པ་དང་སླར་ཡང་ བསྟན་འགྲོའི་དཔལ་མགོན་དུ་མཚན་ དཔེའི་དཀྱིལ་འཁོར་མྱུར་དུ་བཞད་ ཕྱིར་སྨོན་ལམ་གསུང་དོན་དང་། གཞུང་འབྲེལ་མྱ་ངན་གུས་བཏུད་མཚོ ན་ཆེད་ཉིན་རྒྱབ་ནས་བོད་མིའི་སྒྲི ག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ ལས་མཚམས་བཞག་ཡོད། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ གྱི་དབུས་རི་བོ་དགེ་ལྡན་པ་ཡོངས་ ལ་བོད་མིའི་སྒྲིག་འཛུགས་དང་བཀའ་ ཤག་གི་ངོས་ནས་ལྷག་བསམ་ཟོལ་མེད་ ཀྱིས་སླར་ཡང་ཐུགས་གསོ་ཞུ་རྒྱུ་ དང་ཆབས་ཅིག་བསྟན་འགྲོའི་དོན་དུ་ ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མྱུ ར་དུ་བྱོན་ཏེ་གོང་མའི་མཛད་རྗེས་ བདག་གིར་བཞེས་ཐུབ་པར་མཆོག་གསུམ་ ༧རྒྱལ་བ་རྒྱ་མཚོར་སྨོན་འདུན་ཤུ གས་དྲག་ཞུ་རྒྱུ་བཅས།
བཀའ་ཤག་གིས་བོད་རབ་གནས་མེ་བྱ་ལོ འི་དབོ་ཟླའི་ཚེས་༣༠ ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ལ་
ཕུལ།།