༢༠༡༧ ཟླ་ ༤ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༥ ཉིན་རྒྱབ་ཕྱི་ཟླ་ ༥ ཚེས་ ༦ བར་ལྡི་ལི་དང་ཨོ་སི་ཊོ་ལི་ཡ་ Australia ནིའུ་ཛི་ལེན་ཌི་ New Zealand བཅས་སུ་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཚོགས་འདུ། གཙུག་ལག་སློབ་ཁང་དུ་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་ཕྱི་ཚེས་ ༢༥ ཕྱི་དྲོ་ནས་ ༢༦ བར་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་མི་སྣ་མཇལ་འཕྲད་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་ཨོ་སི་ཊོ་ལི་ཡར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༥ ཚེས་ ༦ བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སྦིར་སི་སྦེན་ Brisbane དུ་བོད་ཀྱི་དུས་སྟོན་ཉིན་མོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་མ་ཟད། སྦིར་སི་སྦེན་དང་ནིའུ་ཛི་ལེན་ཌིའི་རྒྱལ་ས་ཝེ་ལིང་ཊོན། Wellington དང་གྲོང་ཁྱེར་ཌུ་ནི་ཌན། Dunedin ཨོཀ་ལེན་ཌི། Auckland བཅས་སུ་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་མཇལ་མོལ་གནང་རྒྱུ། དེ་བཞིན་གྲོང་ཁྱེར་ཌུ་ནི་ཌན་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་ཁང་སོགས་ཀྱི་གཙུག་ལག་སློབ་དཔོན་དང་སློབ་གཉེར་བ་སོགས་མཇལ་འཕྲད་དང་གསུང་བཤད། ཕྱོགས་མཚུངས་ཨོ་སི་ཊེ་ལི་ཡ་ཁུལ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ལྷན་མཇལ་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།