༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༠ ནས་ཕྱི་ཟླ་ ༤ ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྡེ་ར་ལྡུན་ས་གནས་སུ་ལས་འཆར་དང་། དེ་རྗེས་ལྡི་ལིར་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་སྡེ་ར་ལྡུན་ས་གནས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༣༡ ཉིན་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་མཇལ་བཅར་ཞུ་རྒྱུ་དང་། དེ་རྗེས་ཉེ་འཁོར་སློབ་གྲྭ་ཁག་གཅིག་ཏུ་གཟིགས་སྐོར། དེ་བཞིན་ཕྱིར་ཕེབས་སྐབས་ལྡི་ལིར་གནས་ཡོད་མི་སྣ་གལ་ཆེ་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༤ ཚེས་ ༣ བར་སྡེ་ར་ལྡུན་ས་གནས་སུ་ལས་འཆར་དང་། ཕྱི་ཚེས་ ༣ ཉིན་སྡེ་ར་ལྡུན་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ བར་ལྡི་ལིར་གནད་ཡོད་མི་སྣ་དང་མཇལ་འཕྲད་སོགས་ཀྱི་འས་འཆར། ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་ཕེབས་ཐོན་གྱི་རྡ་ར་པེབས་འབྱོར་གནང་རྒྱུ་བཅས།།