༢༠༡༧ ཟླ་ ༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ཆོས་ཞུར་བཅར་མཁན་སོག་པོ་དང་ཕྱི་གླིང་བ་ཁག་གཅིག་ལ་དྲི་བ་ཞུས་པ་གཤམ་གསལ།
སོག་ཡུལ་ནས་ཡིན་པའི་ཆོས་ཞུ
ང་རང་དུས་འཁོར་དབང་ཆེན་དུ་བཅར་བ་ཐོག་མ་ཡིན། དེ་རིང་དུས་འཁོར་དབང་ཆེན་ཐོག་དགེ་འདུན་པ་
གནད་དོན་འདི་སྤྱིར་བཏང་ཆབ་སྲིད་
ཕྱོགས་མཚུངས་ཡུ་ཀི་རེན་ནས་བཅར་བའི་ཆོས་ཞུ་བར་རང་ཉིད་ངོ་སྤྲོད་དང་དུས་འཁོར་དབང་ཆེན་དུ་བཅར་དགོས་དོན་སྐོར་དྲིས་པར་ཁོང་གིས་གསུང་དོན། ང་ཇུ་ལི་ཡ་ཡིན། ང་ཡུ་ཀེ་རེན་ནས་སླེབས་པ་ཡིན། ང་ཚོའི་ལུང་པའི་ནང་ཡེ་ཤུའི་ཆོས་བྱེད་མཁན་མང་བ་ཡོད། ང་རང་ནང་པ་བྱས་ནས་ལོ་གསུམ་ལས་འགྲོ་གི་མེད། ང་རང་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ལྟ་ང་ཚོའི་ལུང་པར་དམག་འཁྲུག་སོགས་ཀྱི་རྙོག་གྲ་མང་པོ་འགྲོ་བཞིན་ཡོད་སྟབས་ངས་ཉིན་ལྟར་འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་ཆེད་སྨོན་ལམ་རྒྱག་བཞིན་ཡོད། ད་ལྟའི་ཆར་ང་རང་ནང་ཆོས་སྐོར་སློབ་སྦྱོང་བྱེད་བཞིན་ཡོད། ཅེས་གསུངས།
ཡང་ཨི་ཊ་ལི་ནས་ཡིན་པའི་ཆོས་ཞུ་བ་ཞིག་གིས་རང་ཉིད་ངོ་སྤྲོད་དང་ཚོར་སྣང་ཇི་ཡོད་སྐོར་གསུང་དོན། ང་ཨི་ཊ་ལི་ནས་ཡིན། ངས་དེ་སྔ་འདིར་དུས་འཁོར་དབང་ཆེན་ཞུ་མྱོང་ཡོད། འོན་ཀྱང་ངས་དུས་འཁོར་དབང་ཆེན་ནམ་ཞུ་སྐབས་ཚོར་བ་གསར་པ་ཞིག་སླེབས་ཀྱི་ཡོད་སྟབས་ཐེངས་འདིར་ཡང་ངས་དུས་འཁོར་དབང་ཆེན་ཐེངས་དང་པོ་ཞུ་བཞིན་པའི་ཚོར་སྣང་ཞིག་ཡོང་བཞིན་འདུག ཅེས་ལན་འདེབས་གནང་།
དེ་བཞིན་ཨི་ས་རེལ་ནས་ཡིན་པའི་ཆོས་ཞུ་བ་ཞིག་གིས་གསུང་དོན། དུས་འཁོར་དབང་ཆེན་ཞུ་རྒྱུ་ནི། བསམ་ཡུལ་ལས་འདས་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་མ་ཟད། བསོད་ནམས་ཆེན་པོ་ཞིག་ཀྱང་རེད་དྲན་གྱི་འདུག སྤྱིར་བཏང་ནུབ་ཕྱོགས་སུ་ངའི་མི་ཚེའི་ནང་འདི་ལྟ་བུའི་ཚོར་སྣང་བྱུང་མྱོང་མེད། འདི་ཁྱད་པར་བ་ཞིག་རེད། དུས་འཁོར་དབང་ཆེན་ཞུ་རྒྱུའི་གོ་སྐབས་འདི་ཧ་ཅང་རྩ་ཆེན་པོ་རེད་བསམ་གྱི་འདུག ངས་གོ་སྐབས་འདི་འཛིན་ཐུབ་ཨེ་ཡོང་བསམས་བྱུང་། ད་ཆ་དངོས་སུ་འདིར་བཅར་ཐུབ་པ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་རང་རེད། ཅེས་གསུངས།
གཞན་ཡང་རྡ་སར་ནང་ཆོས་སློབ་གཉེར་གནང་བཞིན་པའི་ཨུ་རུ་སུའི་ཆོས་ཞུ་བས་ཁོང་མོའི་ངོ་སྤྲོད་དང་ནང་པ་ག་དུས་ཆགས་ཡིན་སྐོར་གསུང་དོན། ངའི་མིང་ལ་གྲགས་པ་བཟང་མོ་ཡིན། ད་ལན་ང་ཚོ་མི་དྲུག་བཀའ་ཆོས་ཞུ་རུ་སླེབས་ཡོད། ང་ཚོ་ཚང་མ་རྡ་སར་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོ་ཚང་མས་དུས་དབང་ཞུ་ཐེངས་དང་པོ་ཆགས་ཡོད། ཨུ་རུ་སུར་དགོན་པ་ཞིག་ཡོད་པ་དེར་ངས་སྟོན་པའི་སྐུ་བརྙེན་ཞིག་མཇལ་བྱུང་། དེ་མ་ཐག་ང་ལ་ཐུན་མོང་མ་ཡིན་པའི་ཚོར་སྣང་ཞིག་སྐྱེས་བྱུང་། དེ་ནས་ངས་ཆོས་ལུགས་འདྲ་མིན་ཐོག་སློབ་སྦྱོང་བྱས་པ་ཡིན། མཐར་ངས་ནང་དོན་རིག་པའི་སྐོར་སྦྱང་སྐབས་སོ་སོའི་ལྟ་བ་དང་རན་པོ་ཞིག་མཐོང་སོང་། དེར་བརྟེན་ངས་གསུང་ཆོས་གང་མང་ཞུ་བཞིན་ཡོད། ཅེས་གསུངས། །