༢༠༡༦ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་བོད་ཁྱིམ་བྷེང་ལོར་ཏཱ་ལ་བླ་མའི་མཐོ་སློབ་ཀྱི་དབུ་འབྱེད་མཛད་སྒོ་མཉམ་ཞུགས་དང་འབྲེལ། ཕྱི་ཚེས ༡༨ ནས་ ༢༠ བར་མོན་གྷོ་ཊ་རུ་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ཚོགས་འདུ་མཉམ་ཞུགས་དང་།
ཕྱི་ཚེས ༡༧ ཉིན་མོན་གྷོ་གཏན་སློབ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་མཛད་སྒོའི་གྲ་སྒྲིག་གཟིགས་ཞིབ་དང་འབྲེལ། མོན་གྷོ་སློབ་གྲྭ་དབུས་མའི་གང་སྤྱིའི་གནང་སྟངས་གཟིགས་ཞིབ་དང། ཕྱི་ཚེས ༢༠ ཉིན་གྱི་ཕྱི་དྲོ་ཤེས་རིག་ལས་ཁུངས་ནས་རྩིས་ལེན་ཞུས་པའི་སློབ་ཁག་གི་གནས་སྟངས་རྟོག་ཞིབ་དང་དགེ་ལས་ཚོགས་འདུ་བསྐྱངས་ནས་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བསམ་འཆར་བསྡུ་ལེན་གྱིས་རྩིས་ལེན་ཟིན་རྗེས་དགེ་རྒན་བསྐོ་གཞག་དང་མཐུན་རྐྱེན་སོགས་གང་ཅིའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་མཐོང་སྣང་ཡོང་གི་ཡོད་ཀྱང་ད་དུང་སྔར་ལྷག་ཚགས་ཚུད་གཏོང་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་རེད། ཅེས་འཁོད།།