༢༠༡༦ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་འབྱོར་ནང་འཁོད་དོན། བོད་ཁྱིམ་བུའི་ཉལ་ཁང་འཛིན་སྐྱོང་ནས་རེ་སྐུལ་ཞུས་དོན་ལྟར་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་སློབ་ཕྲུག་ཚོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐོར་ངོ་སྤྲོད་གཏམ་བཤད་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ དགོང་དྲོ་ཆུ་ཚོད་ ༦ ནས་ ༧ བར་སྤྱི་ཁྱབ་ཁྲིམས་དྲུང་གིས་དྷ་སྟེང་བོད་ཁྱིམ་བུའི་ཉལ་ཁང་གི་སློབ་ཕྲུག་ ༡༢༠ ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་འཕེལ་ལོ་རྒྱུས་སྙིང་བསྡུས་དང་། སྒྲིག་འཛུགས་གྲུབ་སྟངས། ལས་དོན་བྱེད་སྒོ་བཅས་ཀྱི་སྐོར་ལ་ངོ་སྤྲོད་གཏམ་བཤད་དང་། སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།