༢༠༡༦ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་སོག་ཡུལ་དུ་གདན་ཞུས་བཞིན་བསྟན་འགྲོའི་བདེ་ཐབས་ལ་སྨན་པའི་རླབས་ཆེན་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོར་བཞུགས་སྒར་ཕོ་བྲང་ནས་ཉི་ཧོང་དུ་ཆིབས་སྒྱུར་གྱིས་ཕྱི ཟླ་ ༡༡ ཚེས་ ༨ ནས་ ༢༧ བར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང་སྒྲོལ་དཀར་དབང་། མི་གཡོ་བའི་རྗེས་གནང་། སློབ་གྲྭ་དང་གཙུག་ལག་སློབ་གྲྭ་ཁག་སོགས་ནང་དུས་རབས་ ༢༡ ནང་པ་ཚོར་བཀྲི་བའི་ལས་འགན། ཞེས་དང་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། ཞེས་སོགས་ཀྱི་ཐོག་བཀའ་སློབ་དང་། དེ་བཞིན་ཕྱི་ཚེས་ ༡༨ ནས་ ༢༠ བར་སོག་ཡུལ་དུ་པཎ་གྲུབ་བཅུ་བདུན་གྱི་ལྗགས་ལུང་། རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ། རྗེ་རིགས་གསུམ་སྤྱི་གྲུབ་ཀྱི་རྗེས་གནང་དང་བཀའ་ཆོས་སོགས་བསྟན་འགྲོའི་བདེ་ཐབས་ལ་སྨན་པའི་རླབས་ཆེན་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་རྗེས་ཕྱི་ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།