༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལེན་ཌིའི་ Thailand རྒྱལ་པོ་བྷུ་མི་བྷོལ་ཨ་དུལ་ཡ་དེ་ཇི་ H.M. King Bhumibol Adulyadej མཆོག་འདས་གྲོངས་སུ་གྱུར་བར་ཁོང་གི་བཙུན་མོ་ལྕམ་སྐུ་སི་རི་ཀི་ཊི་ H.M. Queen Sirikit མཆོག་ལ་ཐུགས་གསོའི་གསུང་འཕྲིན་ནང་། རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་ནི་མི་ལོ་ ༧༠ ལྷག་རིང་ཐེ་ལེན་ཌིའི་མི་མང་རྣམས་ཀྱི་སྙིང་སྟོབས་ཀྱི་གཞི་རྩ་དང་རེ་བའི་འབྱུང་ཁུངས་ཤིག་ལ་ངོས་འཛིན་ཞུས་ཡོད་པ་དང་། ད་ལྟ་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས་བཙུན་མོ་མཆོག་དང་རྒྱལ་པོའི་ནང་མི་ལྟོས་བཅས། དེ་བཞིན་ཐེ་ལེན་ཌི་མི་མང་བཅས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་ཐུགས་གསོ་མཛད་པ་མ་ཟད། ཕྱི་ལོ་ ༡༩༦༧ ལོར་༸གོང་ས་མཆོག་ཡུལ་དེར་ཐོག་མར་ཆིབས་སྒྱུར་བསྐྱངས་སྐབས་རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་དང་མཇལ་འཕྲད་མཛད་སྐོར་ཐུགས་དྲན་གསོ་མཛད་འདུག །