༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཀྱི་ཤེས་བྱ་གོང་འཕེལ་འབྱུང་ཐབས་སུ་ཟླ་རེའི་ནང་ཕྱི་ནང་གི་མཁས་དབང་ཁག་གདན་ཞུས་ཀྱིས་གསུང་བཤད་ལས་རིམ་གོ་སྒྲིག་ཞུ་མུས་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གི་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་དང་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྲི་ཞུ་བ་རྣམས་ཀྱིས་གཞུང་གི་ལས་དོན་ཐོག ཀུན་སློང་བཟང་པོ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། ལྷག་བསམ་ཐོག་ནས་ལས་ལ་བརྩོན་པ་ཡིན་ན་ལས་གང་བྱས་ཀྱང་དཀའ་ངལ་མ་ཚོར་བ་དང་། གྲུབ་འབྲས་ནུས་པ་ལྡན་པ་འཐོན་རྒྱུ་ཡིན་སྐོར་སོགས་གསུངས།