ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བོད་ཁམས་ཏྲེ་ཧོར་ལྕོག་རི་དགོན་དུ་ཏྲེ་ཧོར་སེར་སྐྱ་མི་མང་ཡོངས་ནས་༸རྒྱལ་བའི་སྐུ་ཕྱའི་ཞབས་རིམ་རྒྱས་པ་ཞིག་ཚོགས་ཡོད་འདུག
དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་ཁམས་ཏྲེ་ཧོར་ལྕོག་རི་དགོན་དུ་ཏྲེ་ཧོར་སེར་སྐྱ་མི་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨན་བཅོས་འཕྲོད་བཞེས་མཛད་རྒྱུའི་རྐྱེན་སེལ་ཞབས་རིམ་རྒྱལ་བའི་མཚན་སྔགས་དང་། སྨན་ལྷའི་གཟུངས་སྔགས། མ་ཎི་གྲངས་གསོག་བཅས་ཞབས་རིམ་གཞི་རྒྱ་ཆེ་བ་ཞིག་གསོག་སྒྲུབ་ཞུས་འདུག་པ་བཅས། །