༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་༸
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་སྩལ་བ།
༢༠༡༥ ཟླ་ ༦ ཚེས་ ༢༥ རེས་གཟའ་ཕུར་བུ།
ང་ཚོ་སངས་རྒྱས་པའི་བསྟན་པ་གནས་ དང་མི་གནས་ཟེར་བ་དེ་དགེ་འདུན་གྱ ི་སྡེ་ལ་རག་ལུས་ཡོད་པ་རེད་གསུང་ གི་ཡོད་པ་དེའི་ཚེ་དེའི་དུས་ཀྱི་ བཤད་སྲོལ་ཞིག་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་ དེ་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་ དེ་དགེ་འདུན་རྐྱང་རྐྱང་གིས་འཛི ན་རྒྱུ་ཞིག་མ་རེད། ཁྱིམ་པ་ཕོ་མོ་ཚོ་ཆོས་དད་མེད་ན་ མ་གཏོགས་ཡོད་ན་འཛིན་དགོས་པ་རེད། ཇི་ཙམ་གྱིས་སྤྱི་ཚོགས་ནང་ལ་བསྟ ན་དང་རྟོག་པའི་བསྟན་པ་ཡོང་བ་ལ་ ལུང་གི་རྟོག་པའི་ཐོག་ནས་གོ་བ་ ཆགས་པ་ཡིད་སྨོན་སྐྱེ་རྒྱུ་ཞིག་ དགོས་པ་རེད། དེ་མིན་ན་ཡོང་རྒྱུ་ཁག་པོ་ཆགས་ཡོ ད། ཅེས་དང།
རབ་བྱུང་སྒྲུབ་སྐབས་བདེན་བཞི་ བདེན་གཉིས་ངོ་འཕྲོད་པའི་ཐོག་ནས་ རབ་བྱུང་བསྒྲུབ་དགོས་སྐོར་བཀའ་ སློབ་སྩལ་དོན། ཁ་སང་ཁ་ཉིན་ཞིག་ལ་ངོས་དང་སུ་ཡི ན་མིན་ཧ་གོ་མ་བྱུང་གང་ལྟར་སྐད་ ཆ་ཞིག་བྱུང་། རབ་བྱུང་ཐོག་མ་སྒྲུབ་སྐབས་རབ་བྱུང་སྒྲུབ་བྱ་དེ་ཚོ་ངེས་འབྱུང་ངོ ་སྤྲོད་གནང་རྒྱུ་དེ། རབ་བྱུང་སྒྲུབ་སྐབས་ངོ་སྤྲོད་ཏོ ག་ཙམ་གནང་བ་དེ་ཙམ་མ་ཡིན་པར། རབ་བྱུང་མ་སྒྲུབ་པའི་གོང་ལ་བདུ ན་ཕྲག་གཅིག་རིང་འཛིན་གྲྭ་ཚོགས་ ཏེ་གཙོ་བོ་དེ་བདེན་བཞིའི་རྣམ་ བཞག་ཐོག་ནས། གང་ལྟར་ང་ཚོས་ངེས་འབྱུང་སྒོམ་རྒྱུའི་རྒྱུ་མཚན་དེ་འདུ་བྱེད་ཀྱི་ སྡུག་བསྔལ་སྐོར་ལ། ཁོ་ཚོའི་བར་ལ་ཆོས་མཐུན་ཆུ་ཚོད་ གཅིག་ཙམ་རིང་ངོ་སྤྲོད་དང་བགྲོ་ གླེང་བྱས་ནས་ཁོ་རང་ཚོར་བསམ་བློ་ གཏོང་རྒྱུ་ཞིག་བྱུང་ན། དངོས་གཞིའི་རབ་བྱུང་སྒྲུབ་སྐབས་ ཐར་པ་ཟེར་བ་དེ་འདི་འདྲ་ཞིག་རེད་ འདུག་བསམ་པ་ཞིག་བསམ་བློའི་ནང་བྱུང་ན་ཡག་པོ་མི་འདུག་གམ། ང་ཚོས་དེ་སྤུས་དག་ཏུ་གཏོང་དགོས་ འདུག་མ་གཏོགས། གྲྭ་ཆས་གྱོན་ཐུབ་ཙམ་ཞིག་དང་རྟ གས་ཆ་ལུགས་འགྱུར་ཐུབ་ཙམ་ཞིག་མ་ གཏོགས་བསམ་བློ་ཚེ་འདིའི་སྒང་ལ་ ཕྱིན་ཏེ། གྲྭ་པ་ཟེར་སྐབས་ལྟོ་གོས་འཚོལ་ས་ ཞིག་མ་གཏོགས་གང་ཡང་མེད་པ་འདྲ་པོ ་བྱས་ན་ཆོ་གང་ཡང་མེད་པར་ཆགས་ཉེ ན་ཡོད། དཔེ་ཆ་བལྟ་རྒྱུ་དེ་ཡང་དགེ་བཤེ ས་ཀྱི་མིང་ཞིག་ཐོབ་པ་ཡིན་ན་བླ་ མ་བཟོད་པའི་སྐུ་མདུན་ལ་བཅར་ཏེ། ཆོས་ཚོགས་ཤིག་ལ་གཏོང་རོགས་ལབ་རོ གས་ཟེར་བ་འདྲ་པོ་བྱུང་ན་ཡག་པོ་ གང་ཡང་མི་འདུག ཡིན་ཡང་དེ་དངོས་ཡོད་གནས་ཚུལ་ཞི ག་ཆགས་ཡོད་སྟབས། ཁྱེད་རང་ཚོས་ཁྲིམས་བཟོས་ནས་ཡིག་ ཆ་གཏན་འབེབས་བྱས་ཀྱང་། དོ་བདག་སོ་སོའི་སེམས་ནང་ལ་གཡོ་ འགུལ་ཐེབས་ནས་འགྲོ་དགོས་རེད་མ་ གཏོགས། བཅའ་ཡིག་རྫིག་པོ་ག་ཚོད་ཅིག་བཟོ ས་ཀྱང་ཕན་ཐོགས་མེད་པ་ལྟར་ཆགས་ ནས་གྲྭ་ཆས་ཕུད་ནས་མཆོངས་འགྲོ་གི ་རེད། ཅེས་དང་།
དགོན་པ་ལྷ་ཁང་ཟེར་སྐབས་མི་ཚོས་ སློབ་གཉེར་ཁང་བྱ་ཡུལ་ཡིན་པའི་ འདུ་ཤེས་སྐྱེ་བཅུག་དགོས་པ་ཧ་ཅང་ གལ་ཆེ་ཡིན་པའི་སྐོར་བཀའ་སློབ་སྩ ལ་དོན། དགོན་པ་ལྷ་ཁང་གང་དུ་ཡོད་ནའང་རི མ་པས་དགོན་པ་དེ་དག་སློབ་གཉེར་ ཁང་ཞིག་བཟོ་དགོས་པ་རེད། དགོན་པ་ཞིག་ཡོད་རེད་ལབ་དུས་སྐྱ བས་སུ་མཆི་ཟེར་ནས་དུས་རྒྱུན་ཏུ་ མཆོད་མེ་འབུལ་བར་ཕྱིན་པ་དང་། ལོ་གཅིག་ཆགས་སོང་ན་ཆོས་ཐིག་འདྲ་ པོ་རྒྱག་པར་འགྲོ་རྒྱུ་མ་གཏོགས་ བྱ་བ་གཞན་དག་མེད་པ་ལྟ་བུ་བྱས་ན་ ཡག་པོ་མེད། དགོན་པ་ཞིག་ཡོད་ཟེར་ལབ་དུས་སློ བ་གཉེར་ཁང་ཞིག་ཡིན་བསམ་པའི་འདུ་ ཤེས་ཤིག་བློར་བཅང་ཐུབ་པ་ཞིག་བཟོ ་དགོས་པ་རེད། དཔེར་ན། རྒྱ་གར་བ་རྒྱུས་ཡོད་མཁན་ཚོས་ནཱ་ལེནྡྲ་ཟེར་སྐབས་ལམ་སེང་མཁས་པའི་ འབྱུང་ཁུངས་སློབ་གཉེར་ཁང་ཞིག་ཡི ན་པ་བློ་ལ་འཆར་ཡོང་གི་འདུག་མ་ གཏོགས། ནཱ་ལེནྡྲ་ཟེར་སྐབས་དེར་དགེ་འདུ ན་པ་ཁ་ཤས་ཤིག་གི་བཞུགས་ས་ཤིག་ཡི ན་པ་བློར་འཆར་གྱི་མི་འདུག ང་རང་ཚོ་བོད་པ་ཚོར་མཚོན་ན་སེ་ འབྲས་དགེ་གསུམ་ལབ་ན་གཙོ་བོ་སློ བ་གཉེར་བྱེད་ས་ཞིག་ཡིན་པར་གང་ ཙམ་ཞིག་བློ་ལ་འཆར་གྱི་ཡོད། འབྲས་སྤུངས་ལ་ཆ་བཞག་ན་ནཱ་ལེནྡྲ་གཉི ས་པ་གསུངས་སྲོལ་ཡོད་པ་རེད། གང་ལ་གང་ཙམ་ཡིན་པའི་བཟོ་འདྲ་པོ་ ཆགས་ཡོད།
དེ་འདྲ་ཡིན་དུས་གང་ལྟར་ང་ཚོས་ དགོན་པར་དཀོན་གཉེར་ཞིག་ལས་མེད་ པ་ཡིན་ཡང་། དེའི་ནང་ལ་དུས་རྒྱུན་ཚེས་བཟང་དུ ས་བཟང་དེ་འདྲར་མཆོད་མཇལ་ལ་ཡོང་ མཁན་ཚོས་ཡར་དངུལ་དེ་འདྲ་བཞག་ན། དཀོན་གཉེར་དེས་དངུལ་དེ་རྩིས་བརྒྱབ་པ་ཙམ་མིན་པར། དཀོན་གཉེར་གཅིག་ཡོད་བསྡད་པ་དེ་ ཏོག་ཙམ་དཔེ་ཆ་ཤེས་མཁན་དེ་འདྲ་ བསྐོས་ནས། ཚེས་བཟང་དུས་བཟང་ལ་གནས་སྐོར་ལ་ ཡོང་མཁན་ཚོར་སྐྱབས་འགྲོ་ངོ་སྤྲོ ད་བྱེད་དགོས། སྐྱབས་འགྲོ་ངོ་སྤྲོད་བྱ་བར་བདེ ན་པ་བཞིའི་ཐོག་ནས་ངོ་སྤྲོད་བྱ་ རྒྱུ་ལས་མེད་པ་རེད། བདེན་བཞི་ངོ་སྤྲོད་བྱེད་པར་བདེ ན་གཉིས་ཐོག་ནས་བྱེད་དགོས་པ་རེད། རྣམ་འགྲེལ་ནང་གསུངས་བའི་དབུ་ཚད་ སེངྒེའི་མཇོང་སྣོན་ཟེར་བ་དེ་རེ ད། དབུ་མའི་གཞུང་ལས་གསུངས་པའི་སྟོ ང་ཉིད་ལྟ་བ་རྟེན་འབྱུང་གི་དེ་ཁོ ་ན་ཉིད་ཀྱི་ལྟ་གྲུབ་དེ་རིག་པ་དེ ་རྣམ་འགྲེལ་ནས་གསུངས་བཞག་པ་དེ་ ཚུར་བླངས་ཏེ་སློབ་ཁྲིད་བྱ་རྒྱུ་ དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ རེད་འདུག ལྷ་ཁང་ཆུང་ཆུང་ཞིག་ལས་མེད་ཀྱང་ གང་ལྟར་དཀོན་གཉེར་ཞིག་མེད་ན་མ་ གཏོགས། དཀོན་གཉེར་ཞིག་ཡོད་ན་དེ་སློབ་ཁྲ ིད་བྱ་རྒྱུའི་ལས་འགན་ཞིག་སྤྲོད་ དགོས་པ་རེད། དེ་རིང་ཁ་སང་དགེ་བཤེས་བཞག་པ་དེ་ འདྲ་མང་པོ་ཞིག་འགྲོ་ས་མ་རག་པ་བྱ ས་ཏེ། ཨ་རིར་ག་དུས་ཐར་གྱི་རེད་བསམས་ ནས་བསྡད་ཡོད་པ་དེ་འདྲ་མང་པོ་ཡོ ང་གི་འདུག ད་ལྟ་ང་ཚོ་དགེ་ལུགས་དགོན་པ་ཧི་ མ་ལ་ཡའི་རི་བརྒྱུད་ལ་ག་ཚོད་ཅིག་ འདུག་བལྟས་ཏེ། དེ་ཚོར་དཔེ་ཆ་ཤེས་མཁན་དེ་འདྲ་ བཏང་སྟེ་དེ་ཚོས་འགན་ཁུར་བླངས་ ནས་ཚེས་བཟང་དུས་བཟང་ལ་མི་མང་ཡོ ང་བའི་སྐབས་ལ་ཆོས་ངོ་སྤྲོད་དང་ སློབ་ཁྲིད་བྱ་རྒྱུ་གལ་ཆེན་པོ་ ཆགས་ཡོད།
ཅེས་བཀའ་སྩལ་བ་དང་དེ་བཞིན། སྤྱིར་སངས་རྒྱས་པའི་ཆོས་དེ་བཞི ན་རིག་པའི་ལམ་ནས་གཏན་ལ་ཕབ་པའི་ ཆོས་ཤིག་ཡིན་པར་བརྟེན། སངས་རྒྱས་ཆོས་དེ་རིག་པའི་ལམ་ནས་ དཔྱད་པ་བྱས་ནས་ཤེས་པ་ཡིན་ན། སྣང་བ་འཁྲུལ་རྒྱུའི་རིགས་དང་། ཐེ་ཚོམ་རིགས་ཡོང་གི་མེད་པ་དང་། ཇི་ཙམ་གྱིས་སངས་རྒྱས་ཆོས་ལ་དཔྱ ད་པ་བྱས་པ་དེ་ཚོད་ཀྱིས་སངས་རྒྱ ས་པའི་ལྟ་གྲུབ་དེ་དག་ཇེ་གསལ་དུ་ འགྲོ་བ་དང་། སོ་སོ་ལའང་དད་པ་གཏིང་ཟབ་མོ་ཞིག་ སྐྱེས་པའི་མགོན་པོ་གང་ཉིད་མཆོག་ གི་སྐུ་ཚེའི་ཉམས་བཞེས་མཛད་གནང་ བྱུང་བའི་མྱོང་བ་བྱུང་སྐོར་སོ གས་ཀྱི་བཀའ་སློབ་ཟབ་མོ་སྩལ། །
གསར་གནས།
འབྲེལ་གནས།