༢༠༡༤ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པས་གསལ་བསྒྲགས་སྤེལ་དོན་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཉི་མ་ཉིན་མེ་ཌི་སན་ཝི་སི་ཀོན་སིན་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་རྒྱུ་ཡིན་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པ་དང་ས་གནས་སུ་བཅའ་བཞུགས་བོད་རིགས་ཡོངས་ལ་གསུང་བཤད་དང་། ས་གནས་ཀྱི་ཆབ་སྲིད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ་མ་ཟད། གསར་འགོད་ལྷན་ཚོགས་འདྲ་མིན་གྱི་བཅར་འདྲིར་དང་ལེན་གནང་རྒྱུ་ཡིན་འདུག