༢༠༡༤ ཟླ་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༢ ཉིན་བཏང་གནས་ནང་འཁོད་དོན། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༠ འཁོད་པའི་བཀའ་ཡིག་སྩལ་འབྱོར་བཞིན། རང་ཅག་རྣམས་ཀྱི་མགོན་དཔུང་དམ་པ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིི་སྐུ་ཕྱྭའི་དོན་དུ། བོད་མི་རྒན་བྱིས་བར་གསུམ་ནས་བླ་མའི་རྣལ་འབྱོར་ཚར་གཅིག་དང་། འཕགས་བསྟོད་གང་མང་། སྐྱབས་སེམས་སངས་རྒྱས་ཆོས་ཚོགས་མ་འབུམ་ལྔ། ཚེ་མདོ་ཚེ་གཟུངས་ཚར་ལྔ་བརྒྱ་གནད་སྨིན་འབད་སྒྲུབ་དགོས་པ་དང་། བོད་བསྟན་སྲིད་ཆེད་དུ། སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། ཞེས་སོགས་བདེན་ཚིག་དེ་ཉིད་ཚར་བརྒྱ་རེ་གནད་སྨིན། འབྱུང་བའི་གནོད་པ་ཞི་ཕྱིར་སློབ་དཔོན་ཐུགས་རྗེ་ཆེན་པོའི་གསོལ་འདེབས་དང་བཛྲ་གུ་རུ་རྒྱུན་འདོན་གནང་དགོས་སྐོར་བཀའ་ཡིག་ཕེབས་དོན་ལྟར། གོང་གསལ་ཞབས་རིམ་ཁག་ཁུངས་སོ་སོའི་མི་མང་རྣམས་ལ་གསལ་བསྒྲགས་ནན་འདྲོང་གིས་གནད་སྨིན་འབད་སྒྲུབ་དང་བཅས། སྒྲུབ་ཐོ་ཁག་ ༢༠༡༥ ཟླ་ ༠༣ ཚེས་ ༠༧ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།