༢༠༡༤ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་ (Urban Development, Housing, Town & Country Planning) ཀྱི་བློན་ཆེན་སྐུ་ཞབས་སུ་རྡིར་ཤར་མཱ་ (Sudhir Sharma) མཆོག་དང་ཐུག་འཕྲད་གནང་འདུག
སྐབས་དེར་བཀའ་བློན་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ནང་གནས་སྡོད་བོད་མིའི་བདེ་དོན་དང་འབྲེལ་བའི་དཀའ་ངལ་ཁག་ཅིག་སྙན་སེང་ཞུས་ཡོད་འདུག བཀའ་བློན་མཆོག་ཕྱོགས་ཕེབས་སྐབས་ནང་སྲིད་དྲུང་ལས་ཀརྨ་སྒྲོལ་མ་ལགས་ཀྱང་ལྷན་བཅར་ཞུས་འདུག་པ་བཅས།།