༢༠༡༤ ཟླ་ ༦ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ ནས་ཟླ་ ༦ ཚེས་ ༣ བར་བདེ་སྐྱིད་གླིང་། མ་སུ་རི། ནེ་ནི་ཏལ། ཧ་རི་དཱུ་ཝར། ས་ཊོན། ཀུམ་རའོ། སྤུར་ཝ་ལ། སྤོན་ཊ། ཧར་པ་སྤུར། སིམ་ལ། བོན་གཞི་ཌོ་ལན་ཇི། རཱཇ་བུར། ཚེ་རིང་དོན་ལྡན་གླིང་དང་། མན་ཌུ་ཝ་ལ་གླིང་ཚང་བཅས་སུ་ཁྲིམས་ཞིབ་པ་ངོ་སྤྲོད་དང་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ནས་བདེ་སྐྱིང་གླིང་དང་། ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་མ་སུ་རི་གཏན་སློབ་དང་བོད་ཁྱིམ་སློབ་གྲྭའི་དགེ་སློབ། ཚེས་ ༡༣ ཉིན་སྔ་དྲོ་ ༩།༣༠ ཐོག་ནེ་ནི་ཏལ། ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཧི་རི་དཱུ་ཝར། ཚེས་ ༡༥ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ས་ཊོན། ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༩།༥༠ ཐོག་ཀུམ་རའོ། ཉིན་རྒྱབ་ཆུ་ཚོད་ ༣ ཐོག་སྤུར་ཝ་ལ། ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་པོན་ཌ།
ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཧར་པ་པུར། ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སེ་ལ་ཀུལ་དགེ་སློབ། ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སིམ་ལ། ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་གཤེན་བསྟན་སྨན་རི་གླིང་དང་། བོན་གཞིས་ཌོ་ལན་ཇི།
ཟླ་ ༦ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རཱཇ་བུར། ཉིན་རྒྱབ་ ཆུ་ཚོད་ ༤།༢༠ ཐོག་ཚེ་རིང་དོན་ལྡན་གླིང་། ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཐོག་མན་ཌུ་ཝ་ལ། ཕྱིས་ཚེས་ ༡༡ སྔ་དྲོ་ཚུ་ཚོད་ ༡༠།༣༠ ཐོག་ལྡི་ལི་བསམ་ཡས་གླིང་། ཚེས་ ༡༩ སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ཌལ་ཧོར་ཕུན་ཚོགས་གླིང་བཅས་ལ་ས་གནས་ཁྲིམས་ཞིབ་པ་གསར་པ་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགན་དབང་དང། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག བརྡ་ཐོར་བརྩི་བཀུར། གཞི་རྩའི་ཆ་རྐྱེན་། བྱེད་ཐབས་ཇི་ཡོད། ཁྱད་གསོད། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན།
ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད། ཟུར་བཙུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་། ཁྱབ་ཁོངས་ས་གནས་ཀྱི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་ངོ་སྤྲོད། དེ་བཞིན་ས་གནས་སོ་སོར་མང་ཚོགས་ནས་དྲི་བ་བྱུང་རིགས་ལ་སྐབས་མཚམས་ལན་འདེབས་གསལ་བཤད་བཅས་གནང་ཏེ། ཐེངས་འདིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་རིམ་ལེགས་གྲུབ་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།