༢༠༡༣ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་སྲི་ཞུའི་ལས་བྱེད་བགྲེས་ཡོལ་ཕེབས་པ་ཁག་ལ་ལེགས་སྐྱེས་སུ་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་ཕྱག་འཁྱེར་ཐོབ་མཁན་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡༽ དྲུང་ཆེ་ཟུར་པ་བཀྲིས་ལགས་ནི།
ཕྱི་ལོ་ ༡༩༧༧ ཟླ་ ༡ ཚེས་ ༡༥ ནས་གནས་དགུ་པ་ཚོད་ལྟའི་ཐོག་ཏི་ཛུ་གཞིས་ཆགས་ཀྱི་སྐད་དྲུང་དུ་བསྐོ་གཞག་གནས་བ་དང་། ཕྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གནང་རྗེས། ཕྱི་ལོ་ ༡༩༨༨༌ཟླ་ ༡༢ ཚེས་ ༦ ནས་གནས་བརྒྱད་པ་རྒན་དྲུང་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ནས་བདེ་སྲུང་ལས་ཁུངས་ཀྱི་རྒན་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་སྡེ་ཚན་འགན་འཛིན་གྱི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༡༥ ནས་རུ་སོག་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༢ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༡༡ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༡༩༩༩ ཚེས་ ༢ ཚེས་ ༢༢ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༡༢ ནས་དྲུང་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༦ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༩ ནས་སྔ་ཕྱི་ཉིན་གྲངས་ ༡༢༣ རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༤ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༣།༠༡།༣༡ ནས་བགྲེས་ཡོལ་སྔ་བསྣུར་ཞུས་ཏེ་ད་བར་ཁྱོན་མི་ལོ་ ༣༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༢༽ ཟུང་དྲུང་ཟུར་པ་ཚེས་གསུམ་ལྷ་མོ་ལགས་ནི།
ཕྱི་ལོ་༡༩༨༧ ཟླ་ ༡༢ ཚེས་ ༡ ནས་གནས་དགུ་པའི་ཐོག་ཟློས་གར་རྩིས་པར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡ ནས་ལས་ཁུངས་དོ་དམ་པའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༥ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༣ ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༡ ནས་ཟླ་དྲུག་རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡ ནས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ལས་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༥ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༥ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ ནས་སྔ་ཕྱི་ལོ་ ༤ རིང་རྒས་ཡོལ་འཕར་འགྱངས་གནང་ཡང་། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡ ནས་རྒས་ཡོལ་དུས་ཚེས་མ་རྫོགས་གོང་ལས་འགན་མཚམས་འཇོགས་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༥ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༣༽ དྲུང་གཞོན་ཟུར་པ་བྱམས་པ་རྒྱལ་མཚན་ལགས་ནི།
ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༢༥ ནས་གནས་དགུ་པ་ཚོད་ལྟའི་ཐོག་ཀ་ཏ་ཀུན་དགའ་ཟ་ཁང་གི་རྩིས་པར་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༠ ནས་གནས་དགུ་པ་ལས་ངོར་བསྐོ་གཞག ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༡༥ ནས་སྤ་ནི་སྤ་ཏ་སྤུན་ཚོང་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༥ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༩ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༡༠ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར། ཕྱི་ལོ་ ༢༠༠༡ ཟླ་ ༡ ཚེས་ ༡༣ ནས་ཟླ་གཅིག་རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡༦ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢༣ ནས་སྣེ་ལེན་འབྲེལ་མཐུད་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡༡ ནས་དབྱིན་ལེན་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༩ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར་གནང་ཡང་དང་ལེན་མ་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡ ནས་བགྲེས་ཡོལ་སྔ་བསྣུར་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༤ ལྷག་སྲི་ཞུའི་ཞབས་འདེགས་ཞུས།
༤༽ དྲུང་ལས་ཟུར་པ་ཡེ་ཤེས་ཆོས་སྒྲོན་ལགས་ནི།
ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་བལྟར་བསྐོ་གཞག་སྩལ་བ་དང་།
༡༩༩༣།༡༠།༢༠ ནས་རྩིས་ཞིབ་ལས་ཁང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༤ ནས་ལས་དོ་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༡༣ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར། ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༣༠ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་གྱིས་རྩིས་ཞིབ་ལས་ཁང་དུ་ཞབས་ཞུ་གནང་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ནས་རྒས་ཡོལ་སྔ་བསྣུར་ཞུས་འཁྲོལ་གྱིས་ཁྱོན་མི་ལོ་ ༢༠ ལྷག་སྲི་ཞུའི་ཞབས་འདེགས་ཞུས་འདུག་པ་བཅས།