༢༠༡༣ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༨ ནས་ ༢༨ བར་ཉིན་གྲངས་ ༡༡ རིང་པོ་ལེན་ཌིའི་ Poland རྒྱལ་ས་ཝར་སོའི་ Warsaw ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་ཕྱི་ཚེས་ ༡༨ ཉིན་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༩ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་བོད་ཕྲུག་སྡོད་ཁང་དུ་སློབ་ཕྲུག་ཚོར་རུས་ཚད་ (Dengue) ནད་གཞིའི་དཔྱད་ཞིབ་གནང་ཡོད། དེ་ནས་ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་པོ་ལེན་ཌིའི་ Poland རྒྱལ་ས་ཝར་སོར་ཕེབས་ཐོན་གནང་ཡོད། ཕྱི་ཚེས་ ༢༡ ནས་ ༢༦ བར་ཁུལ་དེར་༸གོང་ས་མཆོག་ཆིབས་སྒྱུར་སྐབས་ཆིབས་ཞབས་སུ་ངོ་བཅར་ཞུ་རྒྱུ་དང་ལས་དོན་མཇུག་སྐྱོང་གནང་རྗེས་ཕྱི་ཚེས་ ༢༧ ཉིན་ཝར་སོ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།