༢༠༡༣ ཟླ་ ༨ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༡ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་གནད་དོན་དང་འབྲེལ་བའི་ཐོག་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༥ ནས་ ༢༦ བར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་གསུང་ཆོས་སྩོལ་གཏན་འཁེལ་བ་ནས་འགོ་འཛུགས་ཀྱིས་ཆོས་ཞུ་བ་རྣམས་ནས་འཕྲུལ་རིགས་པར་ཆས་དང་། ལག་ཐོགས་ཁ་པར། དེ་བཞིན་ཨེཕ་ཨེམ་རི་དྲོ་ཡའམ་རླུང་འཕྲིན་ཡོ་ཆས་སོགས་འཁྱེར་མི་ཆོག་པའི་ཐག་གཅོད་གནང་ཡོད་འདུག་ན་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང། དབྱིན་སྐད་ཐོག་བཀའ་ཆོས་གསན་མཁན་ཚོར་དམིགས་བསལ་རྒྱང་བསྒྲགས་ཀྱི་མཐུན་རྐྱེན་ལོགས་སུ་གོ་སྒྲིག་ཞུ་འཆར་འདུག་པ་བཅས། །
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།