༢༠༡༣ ཟླ་ ༧ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༨ ཉིན་བོད་མིིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་འཛམ་གླིང་མཆིན་པའི་གཉན་ཚད་སྲུང་བརྩི་ཞུ་བའི་ཉིན་མོ་ཡིན་པ་དང་སྟབས་བསྟུ། ནད་གཞི་དེའི་ནད་རྟགས་དང་སྔོན་འགོག་གསལ་བའི་ཤོག་བྱང་ཁག་འགྲེམས་སྤེལ་གནང་བ་བརྒྱུད་མང་ཚོགས་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྔོན་འགོག་གི་གོ་རྟོགས་སྤེལ་ཡོད།
དེ་ཡང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༠ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་མོ་དེ་བཞིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འཕྲོད་ལས་ཁུངས་ནས་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་ས་མེག་ལོར་རླངས་འཁོར་འབབ་ཚུགས་སུ་མང་ཚོགས་ ༢༥༠ བརྒལ་བར་ནད་གཞི་དེ་སྔོན་འགོག་ཇི་ལྟར་བྱེད་ཚུལ་དང་འབྲེལ་བའི་སྐོར་གོ་རྟོགས་སྤེལ་ཡོད། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་གིས་མཆིན་པའི་གཉན་ཚད་ཀྱི་ནད་གཞིར་དོ་སྣང་བྱེད་དགོས་སྐོར་གྱི་འཕྲེད་དར་སྒྲིག་གཤོམ་གནང་བ་མ་ཟད། མང་ཚོགས་ནས་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྔོན་འགོག་ཇི་ལྟར་བྱེད་དགོས་སྐོར་འཁོད་པའི་ཤོག་བྱང་འགྲེམས་སྤེལ་གནང་སྟེ་མང་ཚོགས་ལ་ནད་གཞི་དེའི་སྐོར་གོ་རྟོགས་སྤེལ་ཡོད། ཕྱེད་ཡོལ་ ༢ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུའང་མི་མང་ ༡༠༠ སྐོར་ལ་ནད་གཞི་དེའི་སྐོར་གོ་རྟོགས་སྤེལ་འདུག་པ་བཅས། །