༢༠༡༣ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ ཉིན་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་ (Uttarthand) མངའ་སྡེའི་ནང་ཆར་ཞོད་ཧ་ཅང་ཆེ་བའི་དབང་གིས་ས་ཉིལ་བ་དང་ཆུ་ལོག་སོགས་ལ་རྟེན་ནས་མི་གྲངས་ ༥༥༠ བརྒལ་བ་འདས་གྲོངས་སུ་གྱུར་བ་མ་ཟད། མི་མང་སྟོང་ཕྲག་བརྒལ་བའི་སྡོད་ཁང་རྩ་མེད་བཟོས་པ་སོགས་ཧ་ཅང་ཡ་ང་བའི་གནས་ཚུལ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༤ ཉིན་རྡ་སའི་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་གོ་སྒྲིག་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༩ ཐོག་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་དགེ་འདུན་རྣམ་པ་དང་། ས་གནས་མི་མང་། སློབ་ཕྲུག་བཅས་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་མ་ཟད། མངའ་སྡེའི་བློན་ཆེན་གྱི་དཀའ་སྡུག་ངལ་སེལ་གྱི་ཐེབས་རྩའི་འོག་གཞི་ལས་ཁང་བརྒྱུད་འདི་ཟླའི་ཕྱི་ཚེས་ ༣༡ བར་ཞལ་འདེབས་བསྡུ་བའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་བཅས།།