༢༠༡༣ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་རི་ས་གཞིས་ཁོངས་སུ་ཕྱི་ལོ་ ༢༠༡༢ ལོར་བོད་མི་དང་ཡུལ་མི་དབར་ས་ཞིང་རྙོག་གླེང་བྱུང་བའི་རྐྱེན་གྱིས་ལོ་དེར་ས་ཞིང་འདེབས་ལས་བྱུང་མེད། འོན་ཀྱང་གཞིས་མི་བོད་རིགས་རྣམས་ཀྱིས་འཁྲུགས་འཛིང་རྩ་བ་ནས་མ་བྱས་པ་མ་ཟད། ༸རྒྱལ་བའི་དགོངས་གཞི་དང་མཐུན་པའི་ཡུལ་མི་མཉམ་མཐུན་འབྲེལ་གང་གཟབ་གནང་བཞིན་ཡོད།
གཞིས་ཆགས་འདིའི་ཁྱབ་ཁོངས་སུ་བོད་ནས་གསར་དུ་འབྱོར་བ་རེ་བཟུང་དེ་དག་ནང་མི་ཟླ་སྒྲིལ་དང་གཉེན་སྒྲིག་གི་ལམ་ནས་འབྱོར་བ་ཉུང་ཤས་ཙམ་ལས་ཆབ་སྲིད་བཙོན་ཟུར་གཅིག་ཀྱང་མེད།
འདི་གའི་ཁྱབ་ཁོངས་རང་རིགས་ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་དང་བསྐྱར་བཟོ། འབྱོར་འཐོན། དུས་འགྱངས་ཞུ་སླད། སྤར་ལ་ཁེ་མུན་ཌི་སྐོར་སྲུང་ལས་ཁུངས་སུ་དུས་ཐོག་འབྲེལ་གཏུགས་ཞུས་ཏེ་མི་མང་བདེ་སྡུག་བཅས་འགན་འཁུར་ཞུ་མུས་ཡིན།
ལོ་འཁོར་ནང་གཏན་སྡོད་སྐྱབས་བཅོལ་ལག་འཁྱེར་གསར་བཟོ། བསྐྱར་བཟོ། དུས་འགྱངས་བཅས་བྱེད་འོས་ཞུས།
ཨང་། | གཞིས་གྲོང་། | གསར་བཟོ། | བསྐྱར་བཟོ། | དུས་འགྱངས། |
༡ | ༡། | ༧ | ༡༨༠ | |
༢ | ༢ | ༡ | ༩༦ | |
༣ | ༣ | ༨ | ༡ | ༢༩༡ |
༤ | ༤ | ༡༡ | ༢༠༡ | |
༥ | ༥ | ༡༤ | ༣ | ༤༨༨ |
བསྡོམས། | ༤༡ | ༣ | ༡༢༥༦ |
བདེ་སྲུང་ལས་ཁུངས་ནས་བཙན་བྱོལ་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ (RC ) ལོ་ལྔའི་རིང་དུས་འགྱངས་ཆོག་པའི་བཀའ་འཁྲོལ་གནང་སོན་བྱུང་བས་མངའ་སྡེའི་ཉེན་སྲུང་འགོ་དཔོན་ (SP ) ཨེསི་པི་མཚན་ཐོག་དེ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་མཇལ་འཕྲད་ཞུས་ཏེ་ཞུ་སྙན་ཕུལ་བ་དང་སྦྲགས། གནས་ཚུལ་འགྲེལ་བརྗོད་ཞུས་སྐབས་དེ་གའི་ལས་ཁུངས་ནས་འདི་ཐད་མངའ་སྡེ་གཞུང་ནས་བཀོད་རྒྱ་གང་ཡང་ཕེབས་འབྱོར་མེད་སྟབས་ལག་བསྟར་ཞུ་རྒྱུ་དཀའ་བའི་གསལ་བཤད་གནང་ཡོད།
འོན་ཀྱང་འཕྲལ་དུ་མངའ་སྡེའི་རྒྱལ་སར་གོང་རིམ་ལ་སྙན་གསེང་ཞུ་སྐབས་འདི་རིགས་དབུས་གཞུང་ནས་བཀོད་རྒྱ་ཕེབས་འབྱོར་མེད་པའི་སྐོར་བཀའ་ལན་ཕེབས་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༦ ཉིན་བསྐྱར་དུ་ཨེས་པི་མཆོག་མཇལ་འཕྲད་ཀྱིས་སྐྱབས་བཅོལ་ལག་དེབ་ལོ་ལྔའི་དུས་འགྱངས་སྐོར་སྙན་སེང་ཞུ་སྐབས་ད་ལྟའི་འཆར་གནས་ཚུལ་གང་ཡང་འབྱོར་མེད་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༠ ཉིན་སྦུབ་ནེ་ཤི་ལྦར་མངའ་སྡེའི་ནང་སྲིད་ཟུང་དྲུང་མཇལ་འཕྲད་ཀྱི་གནས་དོན་ཞིབ་ཕྲ་ཞུས་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༧ ཉིན་དབུས་བདེ་སྲུང་ལས་ཁུངས་སུ་སྙན་གསེང་ཞུས་པར་ཕྱིར་ཕེབས་སུ་ལྡི་ལི་དོན་གཅོད་ཁང་དུ་འབྲེལ་གཏུགས་བྱ་རྒྱུ་ལམ་སྟོན་ཕེབས་དོན་ལྟར་འདི་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་ཞུ་སྙན་འབུལ་ལམ་ཞུས་ཡོད་པར་གང་མགྱོགས་ལག་བསྟར་ཡོང་བའི་རེ་བ་ཡོད། ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་བཞིན་ཕྱི་རྒྱལ་མི་རིགས་ས་གནས་སུ་བསྐྱོད་སྐབས་པི་ཨེ་པི་ (PAP) ལམ་སྟོན་ལག་བསྟར་ཞུ་མུས་སུ་ཡིན་པ་བཅས།།