༢༠༡༣ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ས་ཊོན་ཁམས་ཀ་ཐོག་གཞིས་ལས་ཁྱབ་ཁོངས་སུ་སྐབས་སོ་སོར་༸གོང་ས་མཆོག་གི་བཀའ་སློབ་དང་། བཀའ་སྤྱིའི་ལས་རིམ་གལ་ཆེན་བཅས་ཀྱི་འོད་སྡེར་ལོ་ལྟར་འདི་ལས་སུ་གནང་སོན་ལྟར། འོད་སྡེར་ཇི་ཡོད་བཅུ་ཤོག་བཞིའི་བཅུ་དཔོན་བརྒྱུད་དོ་སྣང་ཅན་ཚོར་བང་རིམ་ཐོག་སྐོར་རྒྱག་བྱེད་སྲོལ་འདི་མུ་མཐུད་འགྲོ་མུས་ཡིན་པས་ཕན་ཐོགས་ཆེན་པོ་འདུག
ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་བཞིན་པའི་དུས་དེབ། གསར་ཤོག འོད་སྡེར་གནང་སོན་ལྟར་དོ་སྣང་མཁན་ཚོར་གང་ཐུབ་འགྲེམས་སྤེལ་ཞུས། ས་ཊོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་ལོ་མང་སྔོན་ནས་བཙུགས་ཐུབ་པ་བྱུང་བ་མ་ཟད། ཚོགས་མིའི་ཚོགས་སྡོད་ཧིན་སྒོར་ ༡༨༦༠ འདི་ལས་སུ་ཡོད་པ་བཅས།།