༢༠༡༣ ཟླ་ ༣ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་རཱཇི་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭའི་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༤ བར་ཉིན་གྲངས་ལྔའི་རིང་སྡེ་ར་ལྡུན་རཱཇི་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭའི་ལས་ཁང་དང་རྒྱ་གར་དབུས་གཞུང་གི་ཁྱབ་ཁོངས་ (Carpet Export Promotion Council,( CEPC) New Delhi) གཉིས་ཀྱི་ཟུང་འབྲེལ་འོག་སྡེ་ར་ལྡུན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ (Accademy of Management Studies, Dehradun) བསྟི་གནས་ཁང་བརྒྱུད་བཟོ་གྲྭའི་ལས་བྱེད་དང་། ལས་མི་ཁག་གཅིག དེ་བཞིན་ར་སྤུར་ཨའི་ཨེམ་འབྲེལ་ཡོད་ལས་བྱེད་དང་བདེ་སྐྱིད་གླིང་བཟོ་གྲྭའི་ལས་བྱེད་བཅས་ལ་རུམ་གདན་དང་འབྲེལ་བའི་ཕྱིར་ཚོང་བྱེད་ཕྱོགས་དང་། གོང་ཚད་གཏན་འབེབས་བྱེད་ཕྱོགས། ཁྲོམས་རྭ་འཚོལ་ཕྱོགས་སོགས་ཀྱི་གནས་སྟངས་འདྲ་མིན་སྐོར་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་ཨུ་ཊར་ཁན་ཌེའི་གཞུང་འཛིན་བཟོ་གྲྭའི་འགན་འཛིན་ལས་འཕར་སྐུ་ཞབས་ཨེས་སི་ནོ་ཊི་ཡལ་ (S.C. Nautiyal, Additional Director Industries, Govt. of Uttarakhand) ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་བའི་སྙིང་དོན། གཞུང་དང་རུམ་བཟོའི་བཟོ་གྲྭའི་བར་འབྲེལ་ལམ་བཟང་པོ་དགོས་གལ་དང་། དེ་འབྲེལ་རུམ་བཟོའི་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་ཐབས་སླད་ཕྱོགས་གཉིས་ནས་མཉམ་རུབ་དགོས་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཟབ་ཁྲིད་པ་གཙོ་བོ་སྐུ་ཞབས་ཨེསི་ཨེན་ཇོ་ཤི་ (S.N.Joshi , Unit Head, AMS, Dehradun) ལགས་ཀྱིས་ལམ་སྟོན་གསུང་བཤད་ཀྱང་གནང་ཡོད་པ་བཅས།།