༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་གི་ས་གནས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་ཏི་ཛུ་དར་རྒྱས་གླིང་ས་གནས་ལས་ཁུངས་དང་འཕྲོད་བསྟེན་ཡན་ལག་སྨན་ཁང་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་ཊི་བྷི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ༌དྲོ་ཆུ་ཚོད་ ༨།༠༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཏི་ཛུ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཊི་བྷི་ནད་གཞིའི་སྐོར་གསུང་བཤད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། དེ་རྗེས་འཕྲོད་བསྟེན་སྨན་ཁང་གི་འཕྲོད་ལས་པ་པདྨ་མཁའ་འགྲོ་ལགས་ཀྱིས་ཊི་བྷི་ནད་གཞིའི་སྔོན་འགོག་ཐབས་ལམ་དང་སྨན་བཅོས་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ཏི་ཛུ་གྲོང་སྡེའི་སྨན་པ་ཡུ་ཀེ་ན་ཐི་ (Dr. U.K. Nath) ལགས་དང། སྨན་པ་ཇེ་ཨ་ཌོ་ (Dr. J. Ado DPO (DAPCU) ལགས། སྨན་པ་ཨེན་རི་ཀ་ (Dr. N.Rika, DRCHO)ལགས། སྨན་པ་པི་ཀེ་སེ་ཀི་ཡ་ (DR.P.K.Saikia) ལགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤ་གནང་རྗེས་གསོལ་སྟོན་གྱི་མཛད་སྒོ་སྟབས་བདེ་ཞིག་གི་ཐོག་རྩེད་རིགས་འདྲ་མིན་ནང་མི་མང་ཚོས་མཉམ་ཞུགས་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།