༢༠༡༣ ཟླ་ ༢ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༡ ཉིན་རྡ་ཤོད་ཀྱི་དབྱུག་རྩེད་སྤོ་ལོའི་ཐང་ཆེན་གྱི་ལས་ཁུངས་སུ་ཧི་མ་ལ་ཡའི་ཁྱིམ་ཚང་ངམ་པ་རི་ཝར་(Himalayan Parivar) ཚོགས་པས་གོ་སྒྲིག་ཐོག་ཧི་མ་ཅཱལ་མངའ་སྡེའི་དབྱུག་རྩེད་སྤོ་ལོའི་རུ་ཁག་ལ་རྡ་སའི་ས་གནས་འགོ་འཛིན་གྱིས་དབུས་ཚོགས་པ་ཁག་གི་འཚམས་འདྲི་ཞུས་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣ ཐོག་རྡ་སའི་ས་གནས་འགོ་འཛིན་གྱིས་དབུས་ཚོགས་པ་ཁག་གི་འཐུས་མིས་དབྱུག་རྩེད་པ་རྣམས་ལ་བོད་པའི་སྲོལ་རྒྱུན་གྱི་མཇལ་དར་ཕུལ་ཏེ་འཚམས་འདྲི་ཞུས་པ་མ་ཟད། འཕགས་བོད་གཉིས་དབར་རིག་གཞུང་གི་འབྲེལ་བ་དང་། སྤྱི་ཡོངས་བོད་ཀྱི་གནད་དོན། དེང་གི་ཆར་བོད་ནང་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད་དང་། དེ་བཞིན་ཧི་མ་ཅཱལ་མངའ་སྡེའི་ནང་བོད་མིའི་སྒྲིག་འཛུགས་སོགས་གནས་ཏེ་བཀའ་དྲིན་ཆེན་པོ་ཡིན་པར་སོང་ཐུགས་རྗེ་ཆེ་ཞུས།
དེ་ནས་འཕགས་བོད་འབྲེལ་མཐུད་ཚོགས་པ་དང་ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་འཐུས་མི་སྐུ་ཞབས་( Rishi Walia) ལགས་ཀྱིས་དབྱུག་རྩེད་པ་རྣམས་ལ་མ་འོངས་ཁྱེད་རྣམས་རྒྱལ་སྤྱིའི་རྩེད་འགྲན་སྡིངས་ཆར་གོ་སྐབས་ནམ་བྱུང་ལ་འཕགས་བོད་གཉིས་ཀྱི་རིག་གཞུང་གི་འབྲེལ་བ་དང་། ལྷག་པར་དུ་བོད་དོན་ཐོག་འགྲེལ་བཤད་དགོས་པའི་གསུང་བཤད་ཀྱང་གནང་ཡོད་པ་བཅས།