༢༠༡༣ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཟླ་དཀྱིལ་ཙམ་ནས་ཕྱི་ཟླ་ ༢ བདུན་ཕྲག་དང་པོའི་བར་ལ་དྭགས་བྱང་ཐང་བོད་མི་འབྲོག་པ་རྣམས་ཀྱི་གནས་ཡུལ་དུ་ཁ་བ་ཤུགས་ཆེ་བབས་པ་མ་ཟད། འབྲོག་པའི་རྩྭ་ཐང་ཐོག་གངས་མཐོ་ཚད་ཕི་ཊི་ ༡ ནས་ ༢ བར་བབས་པར་བརྟེན་ར་ལུག་ ༥༠༠༠ ཙམ་གྲང་ངར་འོག་ལྟོགས་ཤི་ཐེབས་ཡོད་སྟབས།
དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཉིན་ ༢༧ འཁོད་གནས་ཕེབས་འབྱོར་ནང་གསལ། ལ་དྭགས་ལྷོ་བྱང་ཁུལ་དུ་གནས་སྡོད་བོད་མིི་ཚོའི་ར་ལུག་ལ་གངས་སྐྱོན་ཤུགས་ཆེ་བྱུང་བར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གུན་གསབ་ཆེད་ཧིན་སྒོར་འབུམ་བཅུ་གསོལ་རས་སྩལ་ཡོད་པ་བཅས། །