༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༡།༣༠ རྡ་ས་ནས་ཨམྲིཏ་སར་ཕེབས་ཐོན་གནང་ཡོད་པ་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་རྗེས་ཕྱི་ཚེས་ ༢༦ ཉིན་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གསར་འཛུགས་གནང་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །