༢༠༡༢ ཟླ་ ༨ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ལ་དྭགས་སུ་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༩ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་བོད་མི་ཚོང་པ་ཁག་གཅིག་གིས་ཚོང་ཁང་དང་ཟ་ཁང་ ༣༠༠ བརྒལ་བ་སྒོ་བརྒྱབ་སྟེ་བོད་ནང་བོད་མི་གྲངས་ ༤༩ ལྷག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་རང་དབང་དགོས་པའི་འབོད་སྒྲ་སྒྲོགས་ཏེ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ལ་ཞི་རྒོལ་གནང་མཁན་གྱི་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་སྟོང་མཆོད་འབུམ་ཤོམ་དང་འབྲེལ་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་གནང་ཡོད། དེ་བཞིན་མཆོད་འབུལ་སྨོན་དུ་རྒྱ་གར་ས་ཁུལ་ཁག་མང་དག་ཅིག་དང་བལ་ཡུལ་ནས་ཡོང་བའི་བོད་མི་ཚོང་པ་མང་དག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད། ས་གནས་ལ་དྭགས་ཀྱི་ཡུལ་མི་སོགས་ཀྱིས་ཀྱང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཉམ་ཞུགས་གནང་འདུག་པ་བཅས། །
ལ་དྭགས་སུ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།

འབྲེལ་གནས།
