༢༠༡༢ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia) དུ་ལྷ་ས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ལུང་འདྲེན་བྱས་ཏེ་དྲ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུའི་རྫོང་ (Luchu County) ནས་ཡིན་པ་རང་ལོ་ ༥༠ སོན་པ་བཙུན་མ་ཨ་ནི་ཨ་མགོན་ལགས་དང་རྣམ་རྒྱལ་མཚོ་ལགས་གཉིས་ལྷ་སའི་ཇོ་བོ་མཇལ་ཆེད་ཕ་ཡུལ་ནས་ཆབ་མདོར་འབྱོར་སྐབས། རྒྱ་མིའི་ཉེན་རྟོག་དམག་མིས་ཁམས་དང་ཨ་མདོ་ནས་ལྷ་སར་འགྲོ་མཁན་གྱི་བོད་མི་ཚང་མར་ལམ་དུ་འགག་སྒོ་ (Check Points) བཟོས་ཏེ་སྔོག་བཤེར་གྱིས་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་པ་མཐོང་སྐབས། བུད་མེད་གཉིས་ཀྱིས་རྒྱ་མིའི་དམ་བསྒྲགས་ལས་གཡོལ་ཆེད་རི་བརྒྱུད་ནས་འགྲོ་ཐབས་བྱེད་སྐབས་རྣམ་རྒྱལ་མཚོ་ལགས་རི་གཟར་གྱི་གཡང་ནས་ལྷུང་སྟེ་འདས་གྲོངས་སུ་གྱུར་བ་དང། ཨ་ནི་ཨ་མགོན་ལགས་སུ་རྨས་སྐྱོན་ཚབས་ཆེ་ཕོག་རྗེས་སྨན་ཁང་དུ་ལུས་འདུག་པ་བཅས།།
རྒྱ་མིའི་ཉེན་རྟོག་པའི་དམ་བསྒྲགས་ལས་གཡོལ་ཆེད་ལྷ་སའི་ཇོ་བོ་མཇལ་མཁན་བུད་མེད་གཉིས་གཡང་ཁ་ནས་ལྷུང་རྐྱེན་གཅིག་འདས་གྲོངས་སུ་གྱུར་བ།
གསར་གནས།
འབྲེལ་གནས།