༢༠༡༢ ཟླ་ ༦ ཚེས་་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལྷོ་ཀོ་རི་ཡའི་རྒྱལ་ས་ཡིའོ་སུ་ (Yeosu) གྲོང་ཁྱེར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་ལྷན་ཞུགས་གནང་ཡོད། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༡ ནས་ ༡༥ བར་འཚོགས་རྒྱུ་དང་། སྐབས་དེར་རྒྱ་ནག་སྐམ་ས་ནས་ཀྱང་ནང་པའི་འཐུས་མི་ ༡༦ ཙམ་སླེབས་ཡོད། ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་འཛོམས་ཏེ་ལྷན་ཚོགས་གནང་བཞིན་ཡོད་པ་བཅས།།
ཆོས་རིག་བཀའ་བློན་མཆོག་ལྷོ་ཀོ་རི་ཡར་ནང་པའི་ལྷན་ཚོགས་སུ་ཕེབས་པ།
གསར་གནས།
འབྲེལ་གནས།