༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཇིའི་གྲོང་ཁྱེར་མན་ཆེ་སི་ཊར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༦ ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༥ ཙམ་གྱི་རིང་དབྱིན་ཡུལ་དུ་གཞོན་སྐྱེས་ཚོར་བཀའ་སློབ་དང་ཆོས་ལུགས་དབུ་ཁྲིད་མཇལ་འཕྲད། ཆོས་འབྲེལ་དང། ཚོང་ལས་སྡེ་ཚོགས་ལ་བཀའ་སློབ། དེ་བཞིན་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་མཛད་རྒྱུ་ཡིན་པ་མ་ཟད། སི་ཀོཌ་ལན་ཌི་དང་ཨི་ཊཱ་ལི་སོགས་ཀྱི་ནང་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།