༢༠༡༢ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌ་(Klagenfurt)ནས་ཆིབས་ཞལ་མ་བསྒྱུར་སྔོན་ཁུལ་དེར་གནས་སྡོད་བོད་མི་ཁྱོན་གྲངས་ ༤༠༠ བརྒལ་བར་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། འདི་གར་ངོས་རང་ཁྱེད་རང་ཚོ་དང་ཁྱུ་ཙམ་ཞིག་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་བཞིན་བོད་མི་རྣམས་ས་གནས་གང་དུ་གནས་ཀྱང་བོད་པའི་འདུ་ཤེས་མ་བརླག་པའི་ཐོག་བོད་པའི་སྤྱི་དོན་ཐོག་སེམས་ཤུགས་འཁྱེར་ནས་བསྡད་ཡོད་པ་ནི་ཧ་ཅང་ཡག་པོ་རེད། གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་དམངས་རྣམས་དོན་གྱི་བདག་པོ་རེད། གཞིས་ལུས་རྒྱ་ཆེའི་མི་དམངས་དེ་དག་གིས་མི་རབས་ནས་མི་རབས་བར་བོད་བསྟན་སྲིད་ལ་ལྷག་བསམ་དང་ཞེན་ཁོག་ཆེན་པོའི་ཐོག་གནས་ཡོད། ད་ལྟའི་གཞོན་སྐྱེས་རྣམས་ཧ་ལས་པའི་སེམས་ཤུགས་ཆེན་པོ་འདུག བོད་ནས་ཡོང་མཁན་མང་དག་ཅིག་གིས་གཞོན་སྐྱེས་དེ་དག་གྲས་ཞེད་སྣང་མི་བྱེད་མཁན་ལྟ་བུ་འདུག་ཅེས་བརྗོད་ཀྱི་འདུག གང་ལྟར་ཡང་སྙིང་བར་སྐབས་ཀྱི་གནས་ཚུལ་དེ་དག་ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། རྒྱ་མི་གུང་ཁྲན་གྱིས་བོད་པར་གནག་སེམས་དང་གནོད་སེམས་བཅངས་ནས་སྡུག་སྦྱོང་བཏང་རྐྱེན་བོད་མི་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་ཕྱིན་ཡོད། བོད་མི་ཚོར་རང་མི་རིགས་ལ་ཞེན་ཁོག་ཡོད་ལ་དེ་ལྟར་བྱེད་དགོས་པ་ཞིག་རེད། ང་ཚོའི་བོད་དེ་ཧ་ཅང་གི་ཆ་ཚང་པོ་ཞིག་རེད། མདོར་ན། གྲུབ་མཐའ་སྨྲ་བ་བཞི་ཀར་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཧ་ཅང་ཡག་པོ་རེད། དེ་དག་ལ་བསམ་བློ་གཏོང་སྐབས་ང་ཚོ་བོད་མི་རིགས་ལ་སོ་སོར་སྐད་ཡིག་ཟུར་དུ་ཡོད། རྒྱ་མི་དང་རྒྱ་གར་གྱི་མདུན་ནས་ཡི་གེ་སྦྱོང་དགོས་ཀྱི་མེད། རྩ་བའི་ཐོག་མར་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བཟོས་པ་རེད། འོན་ཀྱང་སོ་སོའི་རང་རྐྱ་འཕེར་བའི་ཡི་གེ་ཞིག་ཆགས་ཡོད། ཡི་གེའི་ནང་བརྗོད་བྱ་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ཐུབ་མེད་ལ་བེད་སྤྱོད་གང་ཡང་བྱས་མེད། རྒྱ་གར་ལ་དེའི་ཚེ་དེའི་དུས་ཡི་གེ་ཡོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། ལྷག་པར་ནང་དོན་རིག་པ་དང་ཚན་མ་རིག་པའི་སྐོར་བོད་ཡིག་ནང་ཧ་ཅང་ཡར་རྒྱས་ཤུགས་ཆེན་པོ་རེད། དེ་དག་ལ་བརྟེན་ནས་ང་རང་ཚོ་བོད་མི་རིགས་ལ་གཞི་ནས་སྤོབས་པ་སྐྱེ་རྒྱུ་ཞིག་འདུག བོད་པའི་སྲོལ་རྒྱུན་ནང་ཡ་རབས་སྤྱོད་བཟང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མིའི་སེམས་ནང་ལ་དྲང་བདེན་ཞེས་པ་དེ་རིགས་རྩིས་ས་ཞིག་ཡོད་ན། གཞི་ནས་སེམས་ནང་བག་ཡོད་སླེབས་ཀྱི་ཡོད། དེ་དག་ང་ཚོ་བོད་པའི་རིན་ཐང་རེད། རིན་ཐང་དེ་མེད་པ་ཆགས་ན་ང་ཚོའི་གྱོང་གུན་རེད། འཛམ་གླིང་འདིའི་ཐོག་གནས་པའི་མི་ཚོར་བོད་པ་ཞེས་པ་དེ་སྡུག་ཆགས་དང་བོད་པར་ཡིད་ཆེས་བྱ་རྒྱུ་མེད། དེ་དག་གིས་སྡུག་ཆགས་བྱེད་ཀྱི་རེད་ཅེས་པའི་མཐོང་ཚུལ་ཞིག་ཆགས་ན། དངོས་གནས་དྲང་གནས་བོད་པའི་མཚན་ཤས་རེད། བོད་པས་ཡ་རབས་སྤྱོད་བཟང་དང་བསམ་པ་རྣམ་དག་བྱས་ན། ཕར་ཕྱོགས་དེར་རྒྱ་མིས་བོད་ནང་དྲུག་གསུམ་བཅོ་བརྒྱད་བྱས་པ་རེད་ཅེས་བརྗོད་ཀྱང་། བོད་པ་རྒྱུས་ཡོད་མཁན་གྱི་མི་ཚོས་བོད་པ་དེ་འདྲ་མ་རེད། བོད་པ་དངོས་གནས་དྲང་གནས་ཧ་ཅང་ཡག་པོ་རེད། རྒྱ་མི་ཁོང་རང་ཚོ་སྡུག་ཆགས་རེད་བསམས་པ་དྲན་གྱི་རེད། ཚུར་ཕྱོགས་འདིར་ང་ཚོ་བོད་པས་སྤྱོད་པ་ལོག་ན་རྒྱ་མིར་ཁག་མི་འདུག་བསམས་པ་དྲན་གྱི་རེད། དེར་བརྟེན་ང་ཚོ་ཚང་མས་ཡ་རབས་ཞེས་པ་དེ་སེམས་ཀྱི་གཏིང་ལ་བཞག་སྟེ་ཡ་རབས་ཀྱི་ལྟ་བ་དེ་གཙོ་བོ་བསམ་པ་རྣམ་དག་ཐོག་དྲང་པོ་བྱེད་པ་དགོས་པ་དེ་རེད། དེ་བཞིན་ཕྲུ་གུ་ཆུང་ཆུང་སྐབས་ནས་བོད་སྐད་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། སྔོན་ལ་བོད་སྐད་ཟ་སྐད་འཐུང་སྐད་དེ་དག་ཤེས་པ་ཞིག་བྱུང་ན། རིམ་པས་བོད་ཡིག་བསླབ་རྒྱུ་དེ་ཡང་ལས་སླ་བ་ཡོང་གི་རེད། ཁྱིམ་ཚང་ནང་བོད་སྐད་རྒྱུག་རྒྱུ་དེ་གལ་འགངས་ཆེན་པོ་རེད། མདོ་དོན་ང་ཚོའི་བོད་རིགས་གཞོན་སྐྱེས་དེ་དག་གིས་སོ་སོའི་སྐད་ཡིག་ཡིན་གཅིག་མིན་གཅིག་ཤེས་པ་བྱེད་དགོས། བོད་ནང་རྒྱ་མིས་དངོས་གནས་དྲང་གནས་ཀྱི་ཕུགས་རྒྱང་རིང་པོའི་གནག་སེམས་བཅངས་ནས་ཇི་སྲིད་བོད་ཀྱི་སྐད་ཡིག་ཟུར་གསལ་ཞིག་གནས་པའི་རིང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་འདུག་བསམས་ཏེ་བོད་པའི་སྐད་ཡིག་གི་མཐོང་བཅགས་ནས་རིམ་བཞིན་བོད་པའི་སྐད་ཡིག་བེད་སྤྱོད་མེད་པ་བཟོ་གི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡའི་ཁུལ་དུ་གནས་སྡོད་བོད་མི་ཚོར་ལམ་སྟོན་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།