༢༠༡༢ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ནང་སྲིད་བཀའ་བློན་མཆོག་གིས་བོད་ཀྱི་གནད་དོན་སེལ་སླད་རྒྱ་གར་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གྷོ་ཧ་ཊིར་འཚོགས་བཞིན་པའི་(National conference on Tibet and Himalayan Environment and Ecology )བོད་དང་ཧི་མ་ལ་ཡའི་ཁོར་ཡུག་བརྗོད་གཞིའི་ཐོག་ལྷན་ཚོགས་སྐོང་ཚོགས་གནང་བའི་སྐབས་སུ་གསུང་དོན། རྒྱ་གར་བྱང་ཤར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་མིའི་རང་དབང་འཐབ་རྩོད་ཆེད་རྒྱ་གར་གཞུང་དང་གྲོས་ཚོགས། དེ་བཞིན་མངའ་སྡེའི་གྲོས་ཚོགས་སོགས་ནས་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ངོས་ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་གནང་དང་གནང་མུས་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
བོད་ཀྱི་གནད་དོན་སེལ་ཆེད་རྒྱ་གར་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།