༢༠༡༢ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གྷོ་ཧ་ཊིར་བོད་དོན་རྒྱལ་ཡོངས་ཚོགས་འདུ་ (National conference on Tibet and Himalayan Environment and Ecology ) དང་། དེ་ནས་ཤི་ལོང་དུ་གནས་འཁོད་བོད་མི་རྣམས་ལ་འཚམས་འདྲི་གཟིགས་སྐོར་ཆེད་ཕྱོགས་ཕེབས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦ ཐོག་བཀའ་བློན་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༥ ཉིན་ལྡི་ལིར་ཕེབས་འབྱོར་གནང་ཡོད། ཉིན་རྒྱབ་ཆུ་ཚོད་ ༣།༢༠ ལྡི་ལི་ནས་མཁའ་ལམ་བརྒྱུད་གྷོ་ཧ་ཊིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་བོད་དོན་རྒྱལ་ཡོངས་ཚོགས་འདུར་མཉམ་ཞུགས་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ ཐོག་ཤི་ལོང་དུ་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༧ ནས་ ༢༨ བར་ས་གནས་མི་མང་གི་གནས་སྟངས་དང། ཚོགས་སྡེ་ཁག དགོན་སྡེ་ཁག སློབ་གྲྭ དེ་བཞིན་སྨན་ཁང་སོགས་ལ་གཟིགས་སྐོར་གནང་རྗེས་མི་མང་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༨ ཉིན་གྱི་ཆུ་ཚོད་ ༡༡ ཐོག་གྷོ་ཧ་ཊིར་ཕེབས་ཐོན་རྗེས་ལྡི་ལིར་ཕེབས་འབྱོར་གནང་སྟེ་དེ་གར་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང། དེ་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་བཅས། །