༢༠༡༢ ཟླ་ ༣ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། འདི་ཟླའི་ཚེས་ ༡༤ ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་སྨན་ཁང་དང༌། དོན་ལྡན་གླིང་ནང་བདེ་ལས་ཁུངས། དེ་བཞིན་རྒྱ་གར་བྱིས་པའི་ཐེབས་རྩ་བཅས་(Child Fund, India)ཐུན་མོང་གིས་གོ་སྒྲིག་འོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་སྨན་ཁང་དུ་གཞིས་མི་མང་ཚོགས་ལ་སྐྲན་ནད་སྔོན་འགོག་དང་བརྟག་དཔྱད་ལས་གཞི་ཞིག་སྤེལ་ཡོད། སྐབས་དེར་(Mysore, Preethi Cancer Centre,)སྨན་ཁང་གི་སྐྲན་ནད་སྨན་པ་(Dr. Anil Thomas, Surgeon Oncologist,)གདན་ཞུས་ཀྱིས་རང་ལོ་ ༣༠ ནས་ ༨༠ བར་སོན་པའི་གཞིས་མི་མང་ཚོགས་ཁྱོན་གྲངས་ ༢༡༠ ལ་ཕན་ཐོག་ཆེན་པོ་བྱུང་ཡོད། གོ་རྟོགས་ཀྱི་ལས་གཞི་དེའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དཔལ་འབྱོར་མཐུན་འགྱུར་འོག་བུད་མེད་ཚོའི་མོ་དབང་དུ་སྐྲན་ནད་ (cervical cancer)ཡོད་མེད་བརྟག་དཔྱད་(PAP smear)ཀྱང་རིན་མེད་ཐོག་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད་པ་བཅས།།
ཀོ་ལེ་གྷལ་བོད་མི་ཚོར་སྐྲན་ནད་སྐོར་གོ་རྟོགས་སྤེལ་བ།
གསར་གནས།
འབྲེལ་གནས།