༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚོང་དོན་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཚུང་(The United State China Economic and Security Review Commission)ནང་བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་སྒང་བོད་ཀྱི་ཆུ་དང་ཁོར་ཡུག་ཐོག་བདེན་དཔང་རྒྱབ་གཉེར་གྱི་སྙན་ཐོ་(Testimony)ཞིག་ཕུལ་ཡོད། སྙན་ཐོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་ཚན་པས་འདོན་སྤེལ་གནང་བ་ཞིག་ཡིན་འདུག སྙན་ཐོ་དེའི་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་བྱུང་བའི་ཉེར་ལེན་ལ་བརྟེན་ནས་ཨེ་ཤི་ཡའི་ནང་ཤུགས་རྐྱེན་ཇི་བྱུང་དང། བོད་ཀྱི་རྒྱུག་ཆུ་ཁག་ལ་ཆུ་རགས་བརྒྱབ་པ། མཐོ་སྒང་བོད་དང་ཨེ་ཤི་ཡའི་ཆར་དུས་ཀྱི་འབྲེལ་བ། མཐོ་སྒང་བོད་ཀྱི་རྩ་ཐང་བདག་གཅེས། འབྲོག་པ་གནས་སྤོས་བྱེད་བཅུག་པའི་གནས་སྟངས་སྐོར་སོགས་ཡིན་འདུག
བདེན་དཔང་རྒྱབ་གཉེར་གྱི་སྙན་ཐོ་དབྱིན་ཡིག་ནང་ཡོད་པ་དེ་རྒྱས་པར་གཟིགས་འདོད་ན་འདིར་གནོན།