༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་གིས་རྒྱ་གར་ནང་དུ་བོད་རིགས་གནས་སྡོད་གཞིས་ཆགས་ཁག་གི་སྨན་པ་དང་འཛིན་སྐྱོང་ལྷན་ཁང་ཁག་གི་དྲུང་ཆེ། དེ་བཞིན་སྨན་ཁང་ཁག་གི་ལས་བྱེད་སོགས་ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ངོ་སྤྲོད་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༠།༢༢ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་འཚོ་བྱེད་ཁང་གསར་དུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྐོར་ཉིན་གཉིས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང། སྐབས་དེར་ཚོགས་བཅར་བ་མི་གྲངས་ ༢༤ མཉམ་བཞུགས་གནང་ཡོད། ཟབ་སྦྱོང་སྤྲོད་མཁན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Micro Insurance Academy)ཞེས་པའི་བསྟི་གནས་ཁང་ནས་ཆེད་ལས་མི་སྣ་མགྲོན་འབོད་ཞུས་ཏེ་ཟབ་ཁྲིད་གནང་འདུག གཞན་ཡང་ཕྱི་ཚེས་ ༢༥།༢༧ བར་རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་བོད་མིའི་གཞིས་ཆགས་དང་ཁ་ཐོར་བོད་མིའི་འདུ་སྡོད་ཁག་གི་འབྲེལ་ཡོད་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད་ཚོར་ནུབ་བྷེང་གལ་གྱི་ས་ལུ་ག་རའི་(Salugara)ནང་དུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་པ་བཅས།།
རྒྱ་གར་བྱང་ཤར་ཁུལ་དུ་བོད་མིའི་སྒྲིག་འཛུགས་ཀྱིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཟབ་ཁྲིད་དབུ་འཛུགས་གནང་བ།
གསར་གནས།

འབྲེལ་གནས།
