༢༠༡༡ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པ།
༡། བདེ་ལེགས་སྨན་ཁང་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས།
རྡ་ས་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅིུས་ལེགས་ཐོན་བྱུང་རྗེས་ Christian Medical College, Vellore དང༌། St. John’s Medical College, Bangalore བཅས་མཐོ་སློབ་གཉིས་ནང་སྨན་ཁང་འཛིན་སྐྱོང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་སོན། དེ་ནས་རང་གཞུང་གི་བཀའ་དྲིན་དྲན་ཤེས་ཀྱི་ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༡ ནས་བཟུང་བོད་གཞུང་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང༌། ཕྱི་ལོ་ ༡༩༩༡ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༡༩༩༣ ཟླ་ ༡༢ ཚེས་ ༣༡ བར་འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་འཁུར་ཞུས༌། ཕྱི་ལོ་ ༡༩༩༤ ཟླ་ ༡ ནས་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང༌། དེ་རྗེས་ ༢༠༠༦ ནས་བཟུང་སྨན་ཁང་འགན་འཛིན་དུ་བསྐོ་གཞག་གི་ལས་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ༌།
༢། མོན་གྷོ་འཕྲོད་བསྟེན་སྨན་ཁང་འགན་འཛིན་སྤེན་པ་བླ་བྲང༌།
ཕྱི་ལོ་ ༡༩༧༤ ལོར་རྡིར་གླིང་གཏན་སློབ་ནས་གཞི་རིམ་འཛིན་གྲྭ་བཅིུག་ལེགས་ཐོན་བྱུང༌། དེ་རྗེས་ཡི་ཤུའི་སྨན་ཁང་ཞིག་ཏུ་སྨན་ཞབས་པའི་སློབ་སྦྱོང་དུ་བསྐྱོད་ནས་ ༡༩༧༨ ལོར་སྨན་ཞབས་སློབ་མཐར་སོན། དེ་ནས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་གྲོང་སྡེའི་བརྒྱ་དཔོན༌། མཉམ་འབྲེལ་ཚོང་དཔོན། ལས་དྲུང་དང་ས་གཞོན་དྲུང་ཆེ་བཅས་སྤྱི་ཚོགས་བདེ་དོན་གྱི་ཞབས་ཞུ་སྣ་མང་ཞུས། ཕྱི་ ལོ་ ༡༩༨༦།༡།༡ ཉིན་འཕྲོད་བསྟེན་ལས་བྱེད་ངོ་མར་བསྐོ་གཞག་གནང་ནས་མན་སྤར་འཕྲོད་བསྟེན་སྨན་ཁང་གསར་རྒྱག་གནང་བའི་འགན་ཁུར་ཆ་ཚང་ཞུས། དེ་ནས་ ༡༩༩༦།༦། ནང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་གནས་སྤོས་ཀྱིས་་ ༢༠༠༠།༡༢ བར་སྨན་ཁང་འགན་འཛིན་གྱི་ལས་ཁུར་ཞུས། ལས་འགན་རང་འཇགས་ཐོག ༢༠༠༡།༤། ནས་ ༢༠༠༣།༥ བར་བན་རྡ་ར་ནོར་རྒྱས་གླིང༌། ༢༠༠༣།༦། ནས ་༢༠༠༦།༧ བར་ཧོན་སུར་ཕན་བདེ་སྨན་ཁང་དང་ ༢༠༠༦།༧ ནས་མོན་གྷོ་འདོད་རྒུ་གླིང་བཅས་སྨན་ཁང་སོ་སོར་གནས་སྤོས་ཀྱིས་རང་འཁྲིའི་ལས་འགན་ལྷག་བློ་ཆེ་བསྐྱེད་ཀྱིས་ཞུས་དང་ཞུ་མུས་ཐོག་འདི་ལོར་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་ཡོད་ལགས།
༣། བདེ་ལེགས་སྨན་ཁང་སྨན་ཞབས་པདྨ་ལགས།
སྨན་ཞབས་པདྨ་ལགས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང༌། མོན་གྷོ་གཏན་སློབ་གཉིས་ནང་འཛིན་རིམ་བཅུ་པ་བར་སློབ་སྦྱོང་གནང་རྗེས་ ༡༩༨༤ ལོར་དྭང་སློབ་དམག་སྒར་དུ་འཛུལ་ཞུགས་གནང༌། ཕྱི་ལོ་ ༡༩༨༥ ཟླ་ ༧ ནས་ ༡༩༨༦ ཟླ་ ༩ ཚེས་ ༡༤ བར་ལོ་གཅིག་རིང་སྨན་ཞབས་སློབ་སྦྱོང་གི་གོ་སྐབས་གནང་ཐོབ་བྱུང་དོན་བཞིན་ལེགས་ཐོན་བྱུང༌། དེ་ནས་ཐད་ཀར་ཌེ་ར་ལྡུན་ Dehradun དམག་སྒར་དུ་ལས་འགན་བཀོད་སྒྲིག་གིས་ལོ་བཞིའི་རིང་སྨན་ཞབས་ཀྱི་ལས་འཁུར་འཐུས་ཚང་ཞུས་རྗེས་ལུགས་མཐུན་རྩ་དགོངས་འཁྲོལ།
དམག་སྒར་དུ་བསྡད་ཡུན་རིང་ཁོ་མོས་སྐབས་བབས་ཀྱི་ལས་དོན་རྣམས་ལྷག་བསམ་ཧུར་སྐྱེད་ཆེན་པོ་གནང་འབྲས་སུ་ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡ ནས་འདི་ག་བདེ་སྨན་དུ་སྨན་ཞབས་ཀྱི་ལས་འགན་ཐོག་བསྐོ་གཞག་གིས་མུ་མཐུད་ལས་འཁུར་ཞུ་མུས་ཐོག་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།
༤། མོན་གྷོ་སྨན་ཁང་གི་ལས་བྱེད་ཇོ་སེབ།
གཞི་རིམ་སློབ་སྦྱོང་ཐོན་རྗེས་ཕ་མའི་མཉམ་བོད་མིའི་གཞིས་ཆགས་སུ་འབྱོར། ཕྱི་ལོ་ ༡༠༨༥།༡༢།༡ ནས་བཟུང་འཕྲོད་བསྟེན་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་སྨན་ཁང་གི་ལས་བྱེད་ངོ་མར་བསྐོ་གཞག་གནང་ཞིང༌། སྨན་ཁང་ཐོ་དེབ་བདག་ཉར་བ། གྲངས་ཐོ་ཕྱོགས་བསྡུས་ཀྱི་ལས་དོན། སྦིལ་འཛིན་དོ་དམ་པ། དངུལ་གཉེར་དང་རྩིས་རོགས། སྨན་སྤྲོད་ཟོག་གཉེར་བ་བཅས་གོང་རིམ་གྱིས་བཀོད་མངགས་ལྟར་སྨན་ཁང་གྀ་ལས་དོན་སྣ་ཚོགས་ཞུས་ནས་འདི་ལོར་ཞབས་ལོ་ ༢༥ ཧྲིལ་པོ་འཁོར། ཁོང་གི་ཨ་མ་ཡང་མོན་གྷོ་འཕྲོད་བསྟེན་སྨན་ཁང་དུ་ལས་ཞབས་ཞུས་ནས་ལོ་ངོ་ ༢༥ འཁོར་ཟིན་ཡོད། དེ་བཞིན་ཁོང་གི་སྲུ་མོ་ད་ལྟའང་སྨན་ཁང་དུུ་ཞབས་ཕྱི་ཞུ་མུས་སུ་ཡོད།
༥། བཀྲིས་ལྗོངས་ཀྱི་སྨན་ཞབས་པ་ཟླ་བ་མཚམས་བཅོད་ལགས།
བཀྲིས་ལྗོངས་སྨན་ཁང་གི་སྨན་ཞབས་པ་ཟླ་བ་མཚམས་གཅོད་ལགས་ཕྱི་ལོ་ ༡༩༧༤ ལོར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཐོན་པ་དང༌། དེ་ནས་ལྡི་ལི་ གྱྣརྡཕྲ ཁྲཎནདྲརྡཕྲ གྱྣཔྲསྣྲདྲྤཎརྡ ནས་སྨན་ཞབས་པའི་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༡༩༨༦།༧།༡༥ ནས་ད་བར་བཀྲིས་ལྗོངས་འཕྲོད་བསྟེན་སྨན་ཁང་དུ་ཞབས་ཕྱི་ཞུ་མུས་ཀྱིས་འདི་ལོར་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་ཡོད།
༦། ལྡི་ལི་སྨན་རྩིས་ཁང་གི་ལས་བྱེད་ཟླ་བ་སྒྲོལ་མ་ལགས༌།
ཕྱི་ལོ་ ༡༩༨༥ ལོར་སྨན་རྩིས་ཁང་གི་ལས་བྱེད་དུ་བསྐོ་གཞག་གིས་ལྡི་ལི་ཡན་ལག་སྨན་རྩིས་ཁང་གི་སྣེ་ལེན་པ་དང༌། གསུང་སྒྱུར། དེ་བཞིན་ནི་ཛམ་མུ་ཏིན་ཡན་ལག་སྨན་རྩིས་ཁང་གྀ་ལས་དྲུང་དང་འབྲེལ་མཐུད་པ་བཅས་ཀྱི་ལས་འགན་ཐོག་ལས་ཁུར་ཞུ་མུས་ཀྱིས་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།
༧། དབུས་སྨན་རྩིས་ཁང་གི་ལས་བྱེད་བསྟན་དར་ལགས།
ཕྱི་ལོ་ ༡༩༨༦ ལོར་དབུས་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་གྱི་འཕྲུལ་འཁོར་སྨན་འཐག་གི་ལས་ཁུར་ཞུས་པ་དང༌། ཆབས་ཅིག་འཕྲུལ་འཁོར་དང་གློག་བཟོ་བཅོས་བྱེད་རྒྱུའི་ལས་འགན་འཁུར་བ་ནས་བཟུང༌། ད་ལྟ་བར་ལས་འགན་དེ་དང་འཛིན་སྐྱོང་དང་སྨན་སྦྱོར་ཁང་དུ་དགོས་མཁོའི་དངོས་ཆས་རིགས་ཀྱང་བཟོ་བཅོས་བྱེད་རྒྱུའི་ལས་ཁུར་ཞུ་མུས་ཀྱིས་ཞབས་ལོ་ ༢༥ འཁོར་ཡོད།
༨། ཀ་སྦུག་སྨན་རྩིས་ཁང་མཚམས་དབྱངས་འཛོམས་ལགས།
ཕྱི་ལོ་ ༡༩༨༦ ལོར་སྨན་རྩིས་ཁང་གི་ལས་བྱེད་དུ་བསྐོ་གཞག་གིས་ཐོག་མར་ཀ་སྦུག་ཡན་ལག་སྨན་ཁང་གི་རྩིས་པ་དང༌། དེ་ནས་ད་ཕན་སྨན་སྤྲོད་ཀྱི་ལས་ཁུར་ཞུ་མུས་ཀྱིས་འདི་ལོར་ཞབས་ལོ་ ༢༥་ཧྲིལ་པོ་འཁོར་ཡོད༌།
༩། དབུས་སྨན་རྩིས་ཁང་གི་ལས་བྱེད་དགྲ་འདུལ་ལགས།
ཕྱི་ལོ་ ༡༩༨༦ ལོར་སྨན་རྩིས་ཁང་གི་ལས་བྱེད་དུ་བསྐོ་གཞག་གནང་བ་ནས་བཟུང་སྨན་སྦྱོར་སྡེ་ཚན་གྱི་སྨན་འཐག་འཕྲུལ་འཁོར་གཏོང་མཁན་དང་ཞོར་དུ་མཐོ་སློབ་བུའི་སྡོད་ཁང་གི་ཕ་ཚབ་ཀྱི་ལས་ཁུར་ཞུ་བཞིན་ཡོད་པས་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།
༡༠། ཌལ་ཧོར་འཕྲོད་ལས་མ་འཇིགས་མེད་སྒྲོལ་མ།
ཌལ་ཧོར་གཏན་སློབ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་རྡ་ས་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞིའི་ཐོག་ཉམས་མྱོང་གསོག་ཆེད་ཟླ་དགུའི་རིང་སློབ་སྦྱོང་གནང། ་ཕྱི་ལོ་ ༡༩༨༦ ལོར་བདེ་ལེགས་སྨན་ཁང་དུ་ཟླ་གསུམ་རིང་འཕྲོད་ལས་པའི་སློབ་སྦྱོང་གནང༌། དེ་ནས་ཕྱི་ལོ་ ༡༩༨༦ ཟླ་ ༧ ཚེས་ ༢༥ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱིས་ཌལ་ཧོར་ཡན་ལག་སྨན་ཁང་གི་འཕྲོད་ལས་པར་བསྐོ་གཞག་གིས་ལས་ཁུར་ཞུ་མུས་ཐོག་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།
༡༡། སྦན་ད་ར་ཁ་ལོ་བ་ཀརྨ་འབྲུག་རྒྱལ།
ཕྱི་ལོ་ ༡༩༨༦ ཟླ་ ༤ ཚེས་ ༡ ནས་ས་གནས་སྦན་ད་ར་སུ་སྨན་ཁང་དང་ས་གནས་ལས་ཁུངས་ཀྱི་ཁ་ལོ་བའི་ལས་འགན་ཐོག་བསྐོ་གཞག་གནང་བ་ནས་བཟུང་ལས་ཁུར་ཞུ་མུས་ཀྱིས་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།
༡༢། ཀོ་ལེ་གྷལ་ས་གནས་སྨན་ཁང་གི་འཕྲོད་ལས་པ་ཚེ་རིང་སྐྱིད་མ་ལགས།
ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༥ ཉིན་ས་གནས་སྨན་ཁང་གི་སྨན་སྤྲོད་འགན་འཁུར་གནང་ནས་ཕྱི་ལོ་ ༢༠༡༡་ ཟླ་ ༩ ཚེས་ ༤ ཉིན་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་ཡོད།
༡༣། ཀོ་ལེ་གྷལ་ས་གནས་སྨན་ཁང་གི་ལས་བྱེད་བྷི་ཌ་པ།
ཕྱི་ལོ་ ༡༩༨༥ ཟླ་ ༨ ཚེས་ ༢༥ ཉིན་ཡིག་སྐྱེལ་ལས་འགན་དུ་བསྐོ་གཞག་གནང་ནས་བཟུང་ད་ཕན་ལས་འགན་རང་འཇགས་ཐོག་ཞབས་ཕྱི་ཞུ་མུས་ཀྱིས་འདི་ལོར་ཞབས་ལོ་ ༢༥ འཁོར་ཡོད།