༢༠༡༡ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་རེ་འདུན་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལི་དང་དེ་ནས་མེ་འཁོར་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༡ ཉིན་རྡོ་རྗེ་གདན་དུ་ཕེབས་འབྱོར་བྱུང་སྟེ་དུས་འཁོར་དབང་ཆེན་གོ་སྒྲིག་ཇི་ཟིན་སྐོར་བཀའ་བསྡུར་གནང་སྟེ་ཕྱི་ཚེས་ ༡༢།༡༣ ༸རྒྱལ་བའི་ཕོ་བྲང་། དུས་འཁོར་དབང་ཆེན་སྩལ་ཡུལ་གསུང་ཆོས་རྭ་བ། དེ་བཞིན་མི་མང་སྡོད་ཡུལ་ཁག་སོགས་ལ་གཟིགས་ཞིབ་གྲུབ་རྗེས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ལྷན་བཀའ་བསྡུར་ཐག་གཅོད་གནང་སྒོ་ཁག་གནང་སྟེ་ཕྱི་ཚེས་ ༡༦ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །