༢༠༡༡ ཟླ་ ༡༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཉེ་ལམ་ལྷོ་ཕྱོགས་ཕི་ལི་པིན་(Philippines) གྱི་མིན་ཌ་ནོའི་(Mindanao)ས་ཁུལ་དུ་ཆུ་ལོག་ཤུགས་ཆེ་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཁང་ཁྱིམ་དང་ནོར་ཕྱུགས་སོགས་ལ་གོད་ཆག་ཧ་ཅང་ཚབས་ཆེ་ཕོག་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་སྐུ་ཞབས་བྷེ་ནིག་ནོ་ཨ་ཀི་ནོ་གསུམ་པ་(Benigno Aquino III)མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཐེངས་འདིར་ལྷོ་ཕྱོགས་ཕི་ལི་པིན་གྱི་མིན་ཌ་ནོའི་ས་ཁུལ་དུ་དེ་སྔ་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆག་ཚབས་ཆེའི་འོག་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་དང་ཁང་ཁྱིམ་དང་ནོར་ཕྱུགས་སོགས་ལ་གོད་ཆག་ཧ་ཅང་ཚབས་ཆེ་ཕོག་པར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང། གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་རྗེས་ཤུལ་ནང་མི་སྤུན་མཆེད་དང་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་མྱུར་དུ་དཀའ་ངལ་ལས་གྲོལ་ཆེད་སྨོན་ལམ་འདེབས་པ་དང་ཆབས་ཅིག གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མཚོན་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངལ་སེལ་ལས་གཞིར་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། ཞེས་འཁོད་ཡོད།
དབྱིན་ཡིག་ནས་ཕབ་སྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།