༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས།
སློབ་ཡོན་གྱི་རྒྱབ་ལྗོངས་དང་དམིགས་ཡུལ།
༄༅། །ཝར་སོ་གཙུག་ལག་སློབ་གཉེར་ཁང་ (University of Warsaw, Poland) ནས་གནས་ཚུལ་འབྱོར་གསལ་ལྟར། ཡུ་རོབ་ལྷན་ཚོགས་ཀྱི་ལས་གཞི་ European Commission: Erasmus Mundus Project ཁོངས་སུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་ཁག་དང་ཨེ་ཤི་ཡ་དབར་གཉིས་མོས་ཀྱིས་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དང༌། ཕན་ཚུན་ཤེས་ཡོན་བརྗེ་རེས་དང་གོ་རྟོགས་སྤེལ་རྒྱུ། རིགས་གཅིག་རྐང་འཛིན་ཉམས་ཞིབ་བྱ་རྒྱུའི་སླད་སློབ་ཡོན་གསལ་བསྒྲགས་ཤིག་གནང་འདུག སློབ་ཡོན་དེ་དག་ནང་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང༌། (Bachelor) གཙུག་ལག་རབ་འབྱམས་པ། (Master) རིག་བདག (PhD) རིག་བདག་སྔོན་ཐོན་ཟིན་པའི་ཉམས་ཞིབ་(Post Doctorate) བཅས་ཀྱི་ཆེད་དང༌། གཞན་ཡང་སྤྱི་སྒེར་ཚོགས་པ་ཁག་གི་ལས་བྱེད་པ་དང༌། སློབ་གྲྭའི་དགེ་རྒན་དང་སློབ་སྤྱི་སོགས་ཀྱིས་ཀྱང་རང་གི་ཆེད་ལས་ཤེས་ཚད་མུ་མཐུད་གོང་མཐོར་གཏོང་ཆེད་འཚང་སྙན་འབུལ་ཆོག་གི་འདུག སློབ་ཡོན་འདི་ རྒྱ་གར་དང་བལ་ཡུལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཁྱབ་པ་ལས་འབྲུག་ལ་ཁྱབ་ཀྱི་མེད་སྟབས། དེ་བཞིན་ཐུགས་སྣང་ཡོང་བར་ཞུ།
སློབ་ཡོན་ལས་གཞི་འདིའི་ཁོངས་སློབ་ཡོན་དང་འཚོ་དོད། ཉལ་ཁང་དང་ཟས་དོད། ཕར་ཚུར་གྱི་གནམ་གྲུའི་གླ། ཉེན་སྲུང་མ་འཇོག་བཅས་ཆ་ཚང་ཚུད་ཡོད་འདུག
སློབ་ཡོན་གྱི་དྲ་རྒྱ་དང༌། འཚང་སྙན་འབུལ་དུས།
སློབ་ཡོན་གྱི་ཆ་རྐྱེན་དང་གྲངས་ཚད་སོགས་ཞིབ་ཕྲའི་གནས་ཚུལ་གོང་གསལ་ལྷན་ཚོགས་ཀྱི་དྲ་རྒྱ་ http://www.emmasia.eu/ ནང་གསལ་ཁ་གཏོད་འདུག་པས་ཐུགས་ཞིབ་དགོས་རྒྱུ། གོང་གསལ་སློབ་ཡོན་ཐོག་དྲ་རྒྱ་བརྒྱུད་འཚང་སྙན་(Online Application) འབུལ་དུས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༧ ནས་ ༣༡ བར་ཡིན་འདུག་པས་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་འབྲེལ་ཡོད་མཐོ་སློབ་ཏུ་ཐད་ཀར་དྲ་རྒྱ་བརྒྱུད་འབུལ་དགོས།
ཐུགས་སྣང་གནང་གལ།
གོང་གསལ་སློབ་ཡོན་གྱི་གསལ་བསྒྲགས་འདི་བཞིན་བོད་མི་སྐྱབས་བཅོལ་བ་ཁེ་གཙང་ཆེད་དུ་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་བངྒ་ལ་དེཤ་དང༌། རྒྱ་ནག རྒྱ་གར། བལ་ཡུལ། པ་ཀི་སི་ཐན་བཅས་ཀྱི་ཡུལ་མི་དོན་གཉེར་ཅན་ཡོངས་ལ་དམིགས་པ་ཞིག་ཡིན་འདུག་པས་དེ་དོན་དགོངས་འཇགས་ཞུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢ ལ།།
འབྲེལ་གཏུགས་བྱ་ཡུལ།
Ms. Klementyna Kielak
Erasmus – incoming students
University of Warsaw
International Relations Office
Krakowskie Przedmieście 26/28
00-927 Warszawa, Poland
Phone (+48) 22 5524070
Fax (+48) 22 5524011
E-mail: [email protected]
*EMMA means “Erasmus Mundus Mobility with Asia”. It is a programme run by the EMMA consortium (26 universities for both Emma-East and West), fully supported by the European Commission under the supervision of the Erasmus Mundus Action 2, run by EACEA.